དབུ་ཤོག>ཞིང་འབྲོག་གསར་པ།
  • བྲག་ཡིབ་ཆུས་ཀྱི་ཞིང་ཞོར་ཐོན་རྫས་ཞིང་སྐྱོར་ཆེད་སྤྱོད་རླངས་འཁོར་ནང་བླུགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-31

    ཉེ་ཆར། ཀོང་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པའི་བྲག་ཡིབ་ཆུས་ཀྱི་ལས་དོན་ཚོགས་ཆུང་གི་རོགས་རམ་འོག བྲག་ཡིབ་ཆུས་མཁོ་འཚོང་མཉམ་ལས་ཁང་གིས་བྲག་ཡིབ་ཆུས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་མཁོ་འཚོང་ཚད་ཡོད་ཀུང་སི་དང་མཉམ་དུ་ཏུང་ཀོན་སུང་ཧྲན་མཚེའུ་ལས་ཁུངས་བཟོ་ཚོགས་ཨུ་ཡོན་ལྷན་ཁང་དང་མཉམ་ལས་གྲོས་མཐུན་འཇོག་པར་སྐུལ་མ་ཧུར་ཐག་བཏང་ནས་བྲག་ཡིབ་ཆུས་ཀྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཞིང་སྐྱོར་ཆེད་སྤྱོད་རླངས་འཁོར་ནང་བླུགས་པ་རེད།

    ཞིང་ཞོར་ཐོན་རྫས་བྱུར་བུར་བླུགས་པའི་ཞིང་སྐྱོར་རླངས་འཁོར་རེ་རེ་བྲག་ཡིབ་ཆུས་ནས་ཐོན་ཏེ་ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་དང་ཧྲེན་ཀྲེན་གྲོང་ཁྱེར་དུ་ཤར་གཏོང་བྱས་ཤིང་། ཆེད་སྤྱོད་རླངས་འཁོར་ནང་ཉིང་ཁྲིའི་ཇ་དང་། ཉིང་ཁྲིའི་ཀུ་ཤུ་སྐམ་པོ། འབྲིའི་འོ་མ་སོགས་ཁྱོན་དངོས་རྫས་855བླུགས་ཡོད་པ་དེས་མང་ཚོགས་ཚོར་འབབ་འཕར་སྒོར་ཁྲི་10ལྷག་ཙམ་གཏོད་རྒྱུར་སྣེ་ཁྲིད་བྱས་པ་དང་ཆབས་ཅིག བྲག་ཡིབ་ཆུས་ཀྱི་སྤུས་ལེགས་ཞིང་ཞོར་ཐོན་རྫས་ཀོང་ཏུང་ས་ཁུལ་དུ་བྲིན་ཚོང་བྱེད་པའི་ཁྲོམ་ར་སྔར་བས་རྒྱ་སྐྱེད་བཏང་སྟེ་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ནུས་དང་ཁྲོམ་ར་བཟུང་ཚད་ཀྱང་ཆེ་རུ་ཕྱིན་ཡོད་པ་རེད།

    གོམ་སྟབས་རྗེས་མར། བྲག་ཡིབ་ཆུས་ཀྱི་མཁོ་འཚོང་མཉམ་ལས་ཁང་གིས“ཞིང་གསུམ”ལ་ཞབས་འདེགས་ཞུ་བ་དང་ཞིང་པར་འབབ་འཕར་གཏོད་རོགས་བྱེད་པའི་ལས་ཀའི་ལྟེ་བར་དམ་པོར་དམིགས་ནས། ཞིང་པར་ཞབས་འདེགས་ཞུ་རྒྱུ་ལྟེ་བར་འཛིན་པ་དང་། ཞིང་ཞོར་ཐོན་རྫས་བྲིན་ཚོང་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བྱེད་པ། རང་འགུལ་ངང་མདུན་གྲལ་དུ་སྐྱོད་པ། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་ཧུར་ཐག་བྱེད་པ། འབྲེལ་ཟམ་ཧུར་ཐག་འཛུགས་པ། ཞིང་ཞོར་ཐོན་རྫས་བྲིན་ཚོང་དང་འབྲེལ་མཐུད་གནད་སྨིན་བྱེད་པ། འཁོར་རྒྱུག་མ་ལག་འཛུགས་སྐྱོང་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཚོང་ལམ་རྒྱ་སྐྱེད་གཏོང་བ་བཅས་བྱས་ཏེ། ཞིང་འབྲོག་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཀྱིས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།