དབུ་ཤོག>ཞིང་འབྲོག་གསར་པ།
  • རྫ་ཡུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“བདེ་སྐྱིད་ཁམས་བདེའི་ཁྱིམ་ཚང”གི་དཔེ་སྟོན་དུད་ཚང་དཔྱད་འདེམས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-31

    ཉེ་ཆར་རྫ་ཡུལ་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་6གི་གྲོང་ཚོ(སྡེ་ཁུལ)97དུ“བདེ་སྐྱིད་ཁམས་བདེའི་ཁྱིམ་ཚང”གི་དཔྱད་འདེམས་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད།

    ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོའི་ནང་ཞིང་འབྲོག་པའི་ཁྱིམ་ཚང་གི“བཟང་པོ་ལྔ་དང་དགའ་ཞེན་ལྔ”ཚད་གཞིར་འཛིན་རྒྱུ་མཐའ་འཁྱོངས་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་བསམ་འཆར་དང་གྲོས་འགོ་གང་ལེགས་ཉན་ནས། གྲོང་མིའི་ཚོགས་ཆེན་ཚོགས་པ་དང་། དཔྱད་བསྡུར་བྱེད་པ། དུད་ཚང་དུ་སྐྱོད་པ་སོགས་ཀྱི་ལྷུ་ཚིགས་བརྒྱུད། མཐར་ཁྱིམ་དུད་10དཔེ་སྟོན་དུད་ཚང་དུ་བདམས་ཡོད་པ་རེད། གཞན་ཡང་འགྲོ་བ་དགོན་གྲོང་རྡལ་གྱི་དུད་ཚང་2དང་། རྫ་ཡུལ་རོང་སྟོད་གྲོང་རྡལ་གྱི་དུད་ཚང་2 རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་དུད་ཚང་2 མགོ་ཡུལ་ཤང་གི་དུད་ཚང་2 མགོ་ལ་ཤང་གི་དུད་ཚང་1 ཚ་བ་རོང་ཤང་གི་དུད་ཚང་1བཅས་ལ“བདེ་སྐྱིད་དང་ཁམས་བདེའི་ཁྱིམ་ཚང”གི་དཔེ་སྟོན་དུད་ཚང་གི་མཚན་སྙན་ཐོབ་ཡོད་པ་རེད།

    ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོ་སྤེལ་བ་བརྒྱུད། རྫ་ཡུལ་རྫོང་གིས་ཁྱིམ་ཚང་དེ་བས་མང་བར་ཤེས་དཔལ་གྱི་འདུ་ཤེས་འཛུགས་རྒྱུར་ཁྲིད་སྟོན་ནུས་ལྡན་བྱེད་པ་དང་། ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་གྱི་སྤྱོད་བཟང་དར་སྤེལ་གཏོང་བའི་རྣམ་པ་ཟབ་མོ་བཏོད་དེ། ཁྱིམ་ཚང་ཚང་མས་སྔོན་ཐོན་བརྩོན་ལེན་དང“བདེ་སྐྱིད་ཁམས་བདེའི་ཁྱིམ་ཚང”གི་དཔེ་སྟོན་དུད་ཚང་བརྩོན་ལེན་བྱེད་པའི་རྣམ་པ་བཟང་པོ་ཞིག་ཆགས་པར་སྐུལ་འདེད་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།