དབུ་ཤོག>ཞིང་འབྲོག་གསར་པ།
  • 2022ལོའི་མངའ་རིས་ས་ཁུལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-25

    2022ལོར་མངའ་རིས་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་འགྲིམ་འགྲུལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་རྒྱུ་དམིགས་ཚད་དུ་བཟུང་སྟེ“འཛུགས་སྐྲུན་དང་། དོ་དམ། བདག་སྐྱོང་། སྐྱེལ་འདྲེན”བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྤྱི་འདོམས་བྱས་པས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་བྱ་གཞག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ཡོད་པ་རེད།

    དམངས་འཚོར་ཞབས་འདེགས་ཞུ་བར་དམིགས་ནས་གཞུང་ལམ་གྱི་རྣམ་གྲངས་ལ་སྐུལ་འདེད་ནུས་ལྡན་བཏང་བ།

    མངའ་རིས་ས་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས་ཀྱི་ཐོ་འགོད་དཔྱད་གཞིའི་ཡིག་རིགས་ལ་ལྟ་སྐབས། འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་རེ་རེ་བཞིན་ཇུས་འགོད་ལ་སྐུལ་འདེད་མགྱོགས་མྱུར་དང་ནུས་ལྡན་བཏང་བར་འཛུགས་སྐྲུན་གྱི་མྱུར་ཚད་ལ་མི་རྣམས་ཧང་སངས་དགོས་པ་ཞིག་ཡོད་པ་སྟེ། མིག་སྔར་མངའ་རིས་ས་ཁུལ་གྱི་གཞུང་ལམ་དུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱིའི་ལམ་ཚད་སྤྱི་ལེ་21791ཟིན་པར་2022ལོར་མ་དངུལ་སྒོར་དུང་ཕྱུར་18.46བཏང་བ་དང་། བདག་སྐྱོང་ལས་གྲྭ་7ལ་ཁྱོན་མ་དངུལ་སྒོར་ཁྲི་2633བཏང་བ། ཉེན་ཆེའི་ཟམ་པ་སྒྱུར་བཀོད་ཀྱི་ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་228.14བཏང་བ། ཚེ་སྲོག་གི་བདེ་འཇགས་དང་འགོག་ཟོན་མཐོར་གཏོང་གི་ལས་གྲྭར་ཁྱོན་མ་དངུལ་སྒོར་ཁྲི་761.89བཏང་བ། མངའ་རིས་ས་ཁུལ་དགེ་རྒྱས་རྫོང་གི་རྒྱལ་ལམ་317ནས་རུ་ཐོག་བར་གྱི་གཞུང་ལམ(དེ་སྔའི་རུ་ཐོག་ནས་ཚྭ་ཁ་ལྷོ་བར་གྱི་གཞུང་ལམ)བསྐྱར་སྐྲུན་ལས་གྲྭ་སོགས་གཞུང་ལམ་རྣམ་གྲངས་6ཚབ་སྐྲུན་དང་། ལྟ་འདོམས། ཨར་སྐྲུན་དུམ་བུར་འོས་སྐུལ་བཅས་བྱས་པས་འོས་སྐུལ་མ་དངུལ་སྒོར་དུང་ཕྱུར་12ལྷག་ཙམ་ཟིན་ནས་འདི་ལོའི་ཟླ་བཞི་པར་ཨར་སྐྲུན་བྱེད་འགོ་ཚུགས་ཐུབ་པའི་བརྩོན་ལེན་བྱེད་རྒྱུ་ཡིན་པ་རེད།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་སྡེ་ཚན་གྱིས་འགྲིམ་འགྲུལ་གྱི་གཙོ་གནད་རྣམ་གྲངས་ལ་སྐུལ་འདེད་གཏོང་རྒྱུ་དེ་འགྲིམ་འགྲུལ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་འགན་འཁྲི་སྔར་བས་དོན་འཁྱོལ་དང་། བྱེད་ཤུགས་ཆེ་རུ་གཏོང་བ། ཞབས་འདེགས་ཞུ་ནུས་ཆེ་རུ་གཏོང་བ། མ་དངུལ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བརྩོན་ལེན་ཧུར་ཐག་བྱེད་པ་བཅས་ཀྱི་སྒོ་ནས་ཕན་འབྲས་ཆེ་ལ་སྟབས་བདེའི་འགྲིམ་འགྲུལ་གཞུང་ལམ་དྲ་བ་ཞིག་བསྐྲུན་ཡོད།

    གྲོང་གསེབ་དར་རྒྱས་ལ་དམིགས་ནས་ལས་ཞུགས་འབབ་འཕར་ཡོང་བར་རམ་འདེགས་ནུས་ལྡན་བྱས་པ།

    ཉེ་བའི་ལོ་ཤས་རིང་། མངའ་རིས་ས་ཁུལ་གྱིས་གྲོང་གསེབ་ཀྱི་གཞུང་ལམ་དྲ་བ་དང་གཞུང་ལམ་སྐྱེལ་འདྲེན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་ཧུར་ཐག་བཏང་ནས་ཤར་བགྲོད་ཐུབ་ནུས་ཆེ་རུ་འགྲོ་བར་ཤུགས་སྣོན་བརྒྱབ་པ་དང་། ཚན་རིག་དང་མཐུན་པའི་གྲོང་གསེབ་ཀྱི་གཞུང་ལམ་དྲ་བའི་འཆར་འགོད་བཟོས་པ། འཛུགས་སྐྲུན་དང་དོ་དམ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བས། གཞུང་ལམ་ཇུས་འགོད་དང་། ཨར་སྐྲུན། སྤུས་ཚད་ལྟ་སྐུལ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་པའི་ལམ་ལུགས་ཀྱི་མ་ལག་ཅིག་ཆགས་ཤིང་། མིག་སྔའི་བར། མངའ་རིས་ས་ཁུལ་གྱི་གྲོང་གསེབ་ཏུ་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་15961ཟིན་ཏེ། རྫོང་7དང་། ཤང་དང་གྲོང་རྡལ་37 སྒྲིག་ཚུད་གྲོང་ཚོ་145བཅས་ལ་རླངས་འཁོར་ཤར་གཏོང་ཐུབ་ཚད་100%དང་། 95% 86.9%བཅས་སོ་སོར་ཟིན་ཡོད། གྲོང་གསེབ་ཀྱི་གཞུང་ལམ་རྣམ་གྲངས་14གསར་སྐྲུན་དང་མཐུད་སྐྲུན་བྱས་པར་ཁྱོན་མ་དངུལ་ཁྱོན་སྒོར་དུང་ཕྱུར་9.52བཏང་ཡོད། ལམ་དུམ་ཁྱོན་ཁག་གཅིག་གི་གཞུང་ལམ་རིམ་པ་དམའ་བ་དང་ཤར་བགྲོད་ཀྱི་ཆ་རྐྱེན་ཞན་པའི་དོན་དངོས་ལ་གཞིགས་ཏེ། སྤྱི་ལེ་33.1ལ་གཞུང་ལམ་ཤར་བགྲོད་ཐུབ་པའི་འཆར་འགོད་འཛུགས་སྐྲུན་བྱས་པས་ཡུལ་མིའི་ཤར་བགྲོད་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད།

    དེ་དང་དུས་མཚུངས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཡོང་བའི་ལས་དོན་ཡག་པོ་བསྒྲུབ་ཆེད། མངའ་རིས་ས་ཁུལ་གྱིས་ས་གནས་དེ་གའི་ཞིང་འབྲོག་པ་སྔོན་ལ་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་ནང་ཞུགས་སུ་བཅུག་ནས་ཞིང་འབྲོག་མང་ཚོགས་ལ་ལས་ཞུགས་འབབ་འཕར་གྱི་གོ་སྐབས་བཏོད་དེ་ངལ་ནུས་འབབ་འཕར་ཡོང་བ་བྱས་ཡོད། ཞིང་འབྲོག་མང་ཚོགས་ལ་འགྲིམ་འགྲུལ་འཛུགས་སྐྲུན་རྣམ་གྲངས་ཀྱི་ཁྱབ་ཁོངས་ནས་ཡོང་འབབ་སྒོར་ཁྲི་672.58བྱུང་བ་དང་། ལས་མི་677སྤྱད་པ། འཕྲུལ་འཁོར་176བོགས་མར་བཏང་བར་ཡོང་འབབ་སྒོར་ཁྲི་500.98བྱུང་ཡོད།

    གཞུང་ལམ་བདག་སྐྱོང་ལ་དམིགས་ནས་ཤར་བགྲོད་འགན་ལེན་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ།

    དོ་དམ་བྱེད་ཁོངས་ཀྱི་ལམ་དུམ་བདག་སྐྱོང་དོ་དམ་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ་དང་གཞུང་ལམ་གྱི་བདེ་འཇགས་འཁོར་སྐྱོད་ནུས་པ་ཆེ་རུ་གཏོང་ཆེད། མངའ་རིས་ས་ཁུལ་གྱིས“ལམ་ཡོད་ན་ངེས་པར་དུ་བདག་སྐྱོང་བྱེད་དགོས་པ་དང་། བདག་སྐྱོང་དེ་ངེས་པར་དུ་དམིགས་སར་འབྱོར་བར་བྱེད་དགོས་པའི”འདུ་ཤེས་གཞིར་བཟུང་། ཐབས་མང་མཉམ་སྤྱོད་ཀྱིས་གཞུང་ལམ་བདག་སྐྱོང་ཞིབ་ཚགས་ཅན་གྱི་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་གཞུང་ལམ་བདེ་འཇགས་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་ཡོད།

    ན་ནིང་ཟླ་11པའི་ཟླ་མཇུག་བར། རིམ་རྩིས་བྱས་ན་ཁྱོན་མ་དངུལ་སྒོར་ཁྲི་4100བཏང་ནས་ཁོངས་གཏོགས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་གྱི་གཞུང་ལམ་གྱི་ལམ་ཟུར་དང་མཐའ་ངོས་སུ་སྨི་ངོས་གྲུ་ཁྲི་103.7ལེགས་སྒྲིག་བྱས་པ་དང་། མཐའ་ཡུར་དང་ཆུ་གཤོང་དུ་སྨི་ཁྲི་4038.36གཙང་བཤེར་བྱས་པ། ལམ་སྤྱི་ལེ་ཁྲི་61.05ལ་སྐོར་ཞིབ་དང་གེགས་སེལ་བྱས་པ། ལམ་འོག་ཆུ་འགྲོ་538བཤངས་པ། ཆུ་ཡུར་1393གཙང་སེལ་བྱས་པ། ཟམ་པ་དང་ཆུ་འགྲོ་554དང་འགྲོ་ལམ་4167ལ་རྒྱུན་གཏན་ཞིབ་བཤེར་དང་བདག་སྐྱོང་བྱས་པ། འགྲིམ་འགྲུལ་བདེ་འཇགས་སྒྲིག་བཀོད་864ལ་སྲུང་སྐྱོང་བྱས་པ། རྒྱལ་ལམ་216ལ“མཛེས་སྡུག་ལྡན་པའི་གཞུང་ལམ”སྤྱི་ལེ་20དང་། “བདག་སྐྱོང་དོ་དམ་དཔེ་སྟོན་ལམ”སྤྱི་ལེ་50བཟོས་པ། གྲོང་གསེབ་གཞུང་ལམ་བདག་སྐྱོང་མ་དངུལ་སྒོར་ཁྲི་7115དོན་འཁྱོལ་ཧུར་ཐག་བྱས་པ། ས་ཁུལ་དང་རྫོང་རིམ་པ་གཉིས་ཀྱི་ལེ་ལག་ཚང་བའི་མ་དངུལ་སྒོར་ཁྲི་1050བཙུགས་པ། ས་ཁུལ་དེ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་སྤྱི་ལེ་15713སྲུང་སྐྱོང་ཡག་པོ་བྱ་ཆེད་མ་དངུལ་འགན་ལེན་བྱས་ནས་ཡག་པོ་བཞིའི་གྲོང་གསེབ་གཞུང་ལམ་དཔེ་སྟོན་རྫོང་གཏོད་པར་སྔར་བས་སྐུལ་འདེད་བཏང་ཡོད། སྒར་རྫོང་གི་གྲོང་གསེབ་གཞུང་ལམ་དོ་དམ་བདག་སྐྱོང་སྒྲིག་སྲོལ་སྒྱུར་བཅོས་ཇེ་ཟབ་ཏུ་གཏོང་བའི་རྒྱལ་ཡོངས་ཀྱི་ཚོད་ལྟའི་ལས་དོན་སྤེལ་བར་མཛུབ་ཁྲིད་བྱས་ཡོད། བདག་སྐྱོང་བཟོ་པ་མི་ཐེངས་13873དང་འཕྲུལ་འཁོར་ཐེངས་2374བཏང་ནས་ལམ་ཁོངས་ཀྱི་ཁོར་ཡུག་བཅོས་སྐྱོང་ལས་དོན་སྤེལ་ཏེ“ཤར་གཏོང་དང་། བདེ་འཇགས། སྐྱིད་སྣང་དོད་པ། མཛེས་སྡུག་ལྡན་པ”བཅས་ཀྱི་ཕྱིར་སྐྱོད་ཁོར་ཡུག་ཅིག་བཏོད་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།