དབུ་ཤོག>ཞིང་འབྲོག་གསར་པ།
  • མཛེས་སྡུག་ལྡན་པའི་གྲོང་གསེབ་ཏུ་ལང་ཚོའི་མེ་ཏོག་རབ་ཏུ་བཞད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-03-17

    དབྱངས་སྐྱིད་ལྷ་མོ་ནི་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀླུ་སྟེང་གྲོང་ཚོའི་ཆེད་བསྐོས་ལས་བྱེད་པ་ཞིག་རེད། སློབ་གྲྭ་ཐོན་རྗེས་ཁོང་གིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཕ་ཡུལ་དུ་ལོག་ནས་གྲོང་གསེབ་དར་རྒྱས་ཀྱི་བྱ་གཞག་ལ་འབད་འཐབ་བྱེད་མཁན་ལས་དོན་པ་མང་པོ་དང་འདྲ་བར་ཕ་ཡུལ་གྱི་འཕེལ་རྒྱས་ལ་ལང་ཚོ་དང་ཁྲག་དྲོན་སྐྱེས་སུ་ཕུལ་ཡོད།

    2021ལོའི་ཟླ་9པར་དབྱངས་སྐྱིད་ལྷ་མོས་བློ་ཁོག་ཆེན་པོས་ཁྱུག་དབྱིངས་ཀྱི་ཐད་གཏོང་བ་བྱས་ནས་གྲོང་སྡོད་ལས་དོན་རུ་ཁག་དང་མཉམ་དུ་བོད་ཀྱི་ཉིང་ཁྲི་ཡག་པོ་འདུག་ཅེས་པའི་མཉམ་ལས་ཁང་གི་ཁྱུག་དབྱིངས་ཨང་རྟགས་བཏོད་ཡོད། མིག་སྔའི་བར་ཁྱུག་དབྱིངས་ཨང་རྟགས་ལ་བརྙན་ཐུང་ཐེངས་82བཏང་བར་བསྔགས་བརྗོད་བྱེད་མཁན་ཁྲི་5.5ཟིན་པ་དང་ལྟ་ཚད་ཐེངས་ཁྲི་500ཟིན་ཡོད་ལ། ཁོང་གིས་ཀྱང་སྔ་རྗེས་སུ་ལྗོངས་ནང་ཁུལ་གྱི་སྨྱན་སྦྱོར་ལས་སྟེགས་བཅུ་ལྷག་ཙམ་གྱི་བཅར་འདྲིར་དང་ལེན་བྱས་པ་རེད།

    ན་ནིང་རིམས་ནད་ཀྱི་དབང་གིས་མང་ཚོགས་ཀྱིས་བཏབ་པའི་ཤིང་འབྲས་ལ་ཚོང་ལམ་མེད་པར་གྱུར་ནས་ཤིང་འབྲས་མང་པོ་འཕྲོ་བརླག་ཕྱིན་པ་མཐོང་དུས། ངས་ཁྱུག་དབྱིངས་ནས་དངོས་ཟོག་འཚོང་བའི་བསམ་བློ་ཐོག་མར་སྐྱེས་བྱུང་ཞེས་དབྱངས་སྐྱིད་ལྷ་མོས་བཤད། ཁྱུག་དབྱིངས་ཨང་རྟགས་ལ་དོ་ཁུར་བྱེད་མཁན་རྒྱུན་ཆད་མེད་པར་མང་དུ་སོང་བ་དང་བསྟུན་ནས། དབྱངས་སྐྱིད་ལྷ་མོས་དྲ་ཐོག་ནས་ཀླུ་སྟེང་གྲོང་ཚོའི་མཉམ་ལས་ཁང་གི་རིག་གནས་གསར་གཏོད་ཐོན་རྫས་ཁྱབ་གདལ་ཧུར་ཐག་བཏང་བ་རེད། 2022ལོའི་ཟླ་9པར་དབྱངས་སྐྱིད་ལྷ་མོས་ཁྱུག་དབྱིངས་ནས་ཐད་གཏོང་བྱས་པ་དང་ཀླུ་སྟེང་གྲོང་ཚོའི་མང་ཚོགས་ལ་རང་ཁྱིམ་དུ་བཏབ་པའི་ཤིང་འབྲས་འཚོང་རོགས་བྱས་པས། བྲིན་ཚོང་དཀའ་བའི་གནད་དོན་ཐག་གཅོད་ཐུབ་སྟེ་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་3ལྷག་ཙམ་བྱུང་ཡོད། དེ་རྗེས་དབྱངས་སྐྱིད་ལྷ་མོས་ད་དུང་ཁྱུག་དབྱིངས་ཀྱི་ཐད་གཏོང་བརྒྱུད་གྲོང་མིས་བཟོས་པའི་ཕྱུར་བ་དང་མར་སོགས་ཡུལ་ཟོག་ཁྱབ་གདལ་བཏང་བས་འབབ་འཕར་ཕྱུག་འགྱུར་བྱུང་བ་དང་ཆབས་ཅིག ཕ་ཡུལ་ཡང་དྲིལ་བསྒྲགས་ཐུབ་ཡོད།

    ང་ཚོའི་ཀླུ་སྟེང་གྲོང་ཚོའི་ཧྲུའུ་ཅི་རྒན་གྲས་དབང་ཕྱུག་གི“རྒྱལ་དར་ཞིག”གི་གཏམ་རྒྱུད་ཀྱིས་ང་ལ་ལྕག་སྐུལ་ཆེན་པོ་ཐེབས་བྱུང་། དེ་ནི་ང་སློབ་གྲྭ་ཐོན་རྗེས་ཕ་ཡུལ་དུ་ལོག་ནས་ལས་ཀ་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད། རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཕ་ཡུལ་འཕེལ་རྒྱས་ལ་ནུས་ཤུགས་ཕྲན་བུ་འདོན་ཐུབ་རེ་བྱེད་ཀྱི་ཡོད་ཅེས་གྲོང་ཚོར་ལོག་ནས་གྲོང་གསེབ་དར་རྒྱས་ཀྱི་་ཆེད་བསྐོས་ལས་དོན་པ་བྱེད་དོན་གང་ཡིན་ནམ་ཞེས་འདྲི་སྐབས་དབྱངས་སྐྱིད་ལྷ་མོས་སེམས་འགུལ་ཆེན་པོས་དེ་ལྟར་བཤད།

    1937ལོར་དབང་ཕྱུག་བྲག་ཡིབ་ཆུས་སྨན་རི་ཤང་གི་ཞིང་བྲན་དབུལ་པོའི་ཁྱིམ་ཚང་ཞིག་ཏུ་སྐྱེས་པ་དང་གྲལ་རིམ་དམའ་ཤོས་ཀྱི“ནང་གཟན”ཞིག་རེད། བོད་ཞི་བས་བཅིངས་འགྲོལ་བཏང་རྗེས། དབང་ཕྱུག་དང་ཁོང་གི་ཁྱིམ་ཚང་མུན་ནག་ནས་དོན་ཐུབ་ཡོད། 1958ལོར་ལོ་21ལ་སླེབས་པའི་དབང་ཕྱུག་བོད་རང་སྐྱོང་ལྗོངས་གྲབས་གསོག་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་དུས་ཡུན་ལོ་གཉིས་ཀྱི་གྲངས་ཉུང་མི་རིགས་ཀྱི་སློབ་སྦྱོང་འཛིན་གྲྭར་འོས་སྦྱོར་བྱས། དབང་ཕྱུག་གི་སྦྱངས་འབྲས་ལེགས་པ་དང་གྲུབ་འབྲས་མངོན་གསལ་དོད་པས་1960ལོའི་ཟླ་10པར་གཟི་བརྗིད་ངང་བོད་དང་། ཤིན་ཅང་། ཉིང་ཞ། ཡུན་ནན་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་བཞིའི་གྲངས་ཉུང་མི་རིགས་ཀྱི་རྒྱལ་སྟོན་གྱི་ལྟ་སྐོར་ཚོགས་པའི་འཐུས་མི་5ཡི་གྲས་ཀྱི་ངོས་ནས། པེ་ཅིང་དུ་མའོ་ཙེ་ཏུང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་བྱམས་བརྩེའི་མཇལ་འཕྲད་ཐོབ་པ་དང་འབྲེལ་ལྷན་དུ་དྲན་རྟེན་པར་ཡང་བརྒྱབ་པ་རེད། མའོ་ཀྲུའུ་ཞིས་སློབ་སྟོན་ནན་ཏན་གནང་བ་དང་། དེ་བཞིན་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་དང་ལྷན་དུ་དྲན་རྟེན་པར་བརྒྱབ་པས་དབང་ཕྱུག་དགའ་ཚོར་ཆེན་པོ་བྱུང་ནས་གཉིད་ཀྱང་ཁུག་དཀའ་བར་གྱུར། ཁོང་གིས་མཚན་མོ་7བེད་སྤྱད་དེ་སྐར་ལྔའི་དར་དམར་ཞིག་བཙེམས་ནས་རླབས་ཆེན་མེས་རྒྱལ་ལ་དྲིན་ལན་འཇལ་བ་དང་མའོ་ཀྲུའུ་ཞིའི་བཀའ་སློབ་བློ་ལ་བརྟན་པོར་ངེས་ཡོད། སྐར་ལྔའི་དར་དམར་དེ་རྒྱུན་འཛིན་བྱས་ནས་ད་བར་ལོ་དྲུག་བཅུ་ལྷག་ཙམ་སོང་བ་དང་། དེ་ཡང་ཀླུ་སྟེང་གྲོང་ཚོའི་གྲོང་མིས་མང་ཤོས་ཤོད་པའི་གཏམ་རྒྱུད་ཅིག་ཏུ་གྱུར་ཡོད། དབྱངས་སྐྱིད་ལྷ་མོས་ཀྱང་ཀླུ་སྟེང་གྲོང་ཚོའི་ཧྲུའུ་ཅི་རྒན་གྲས་དབང་ཕྱུག་གི“རྒྱལ་དར་གཅིག”གི་གཏམ་རྒྱུད་སེམས་ལ་བརྟན་པོར་ངེས་ཡོད།

    2022ལོའི་ལོ་འགོར། ཁོང་དང་གྲོང་སྡོད་ལས་དོན་རུ་ཁག་གིས“རྒྱལ་དར་གཅིག”གི་བརྗོད་དོན་གཙོ་བོའི་རི་མོ་འབྲི་བའི་བྱེད་སྒོ་སྤེལ་བ་དང་འབྲེལ། ཆེད་ལས་རི་མོ་འབྲི་བའི་ཇུས་འགོད་པ་གདན་དྲངས་ནས་བྱེད་སྒོར་ཞུགས་མཁན་བྱིས་པར་རི་མོ་འབྲི་རྩལ་བསླབས་ཏེ། རྒྱལ་གཅེས་ཀྱི་ས་བོན་བྱིས་པའི་སེམས་སུ་མྱུ་གུ་འབུས་སུ་བཅུག་ནས་ཕྲུ་གུ་ཚོའི་རྒྱལ་གཅེས་ཀྱི་བརྩེ་སེམས་སྐྱེད་སྲིང་བྱས་པ་རེད། གཞན་ཡང་ཁོང་ད་དུང་གྲོང་ཚོའི་ཆེས་ཕུལ་བྱུང་གི་སྐོར་སྐྱོད་སྒྲོག་འགྲེལ་བ་ཞིག་ཡིན་ཞིང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ་རང་ཉིད་ཀྱི་འགན་འཁྲིར་བརྩིས་ནས། ཀླུ་སྟེང་གྲོང་ཚོའི་ཧྲུའུ་ཅི་རྒན་གྲས་དབང་ཕྱུག་གི“རྒྱལ་དར་གཅིག”གི་གཏམ་རྒྱུད་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཀླུ་སྟེང་གྲོང་ཚོར་ཏང་ལ་དགའ་ཞེན་དང་གུས་བཀུར་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཡོད། ད་ཆ“རྒྱལ་དར་གཅིག”གི་གཏམ་རྒྱུད་ཀླུ་སྟེང་གྲོང་ཚོའི་བསམ་བློའི་མཚོན་རྟགས་དང་དད་སེམས་ཀྱི་རྒྱུན་འཛིན་དུ་གྱུར་ཡོད།

    སླད་ཕྱིན་མུ་མཐུད“བདག་འཛིན་རིང་དུ་སྤངས། དམངས་དོན་པང་དུ་ལེན”པའི་དད་སེམས་བརྟན་པོ་མུ་མཐུད་བཅངས་ནས་གནོང་འགྱོད་མེད་པའི་ལང་ཚོ་དགའ་ཞེན་བྱེད་སའི་ས་ཆ་འདིར་སྐྱེས་སུ་འབུལ་གྱི་ཡིན་ཞེས་དབྱངས་སྐྱིད་ལྷ་མོས་བཤད།

    དབྱངས་སྐྱིད་ལྷ་མོའི་བྱས་རྗེས་ནི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པའི་ལས་ཀའི་མཚོན་བྱེད་ཅིག་རེད། གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་འབོར་ཆེན་ཞིག་གིས་གྲོང་སྡོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལས་སྟེགས་དེར་བརྟེན་ནས་རང་ཉིད་ཀྱི་ནུས་པ་བཏོན་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་དུ་རང་ཉིད་ཀྱི་སྟོབས་ཤུགས་སྐྱེས་སུ་འབུལ་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།