དཔྱིད་རྨོད་དཔྱིད་གྲབས་ཀྱི་འགག་རྩའི་དུས་སུ་གསར་འགོད་པས་རྫ་ཡུལ་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱས་པར། རྫ་ཡུལ་རྫོང་གིས་སྔ་ཙམ་ནས་འཆར་འགོད་དང་། སྔ་ཙམ་ནས་གྲ་སྒྲིག སྔ་ཙམ་ནས་བྱ་སྤྱོད་སྤེལ་བ་བཅས་བྱས་ནས་ས་གནས་དེ་གའི་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ཁག་ལ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་རྫ་ཡུལ་རྫོང་གིས་ནས་མུའུ་9020.5དང་། མ་རྨོས་ལོ་ཏོག་མུའུ་23890.95 ཆུ་འབྲས་མུའུ་7636.05 སྲན་མའི་རིགས་དང་དེ་བཞིན་འབྲུ་རིགས་དཀྱུས་མ་མུའུ་2425.65བཅས་འདེབས་རྩིས་ཡོད་པ་རེད།
ལོ་ལེགས་ཡོང་བའི་འགན་ལེན་བྱ་ཆེད། རྫ་ཡུལ་རྫོང་གིས་ས་གནས་དེ་གའི་ཞིང་ལས་རྒྱུ་ཆ་མཁོ་སྤྲོད་ཆ་འཕྲིན་གནད་ལ་འཁེལ་པོས་ཁོང་དུ་ཆུད་པ་དང་། ཞིང་ལས་རྒྱུ་ཆ་གྲབས་གསོག་ལ་མཐུན་སྦྱོར་བྱེད་པ། སོན་བཟང་དང་། ཞིང་སྨན། རྫས་ལུད་སོགས་དངོས་ཟོག་མཁོ་སྤྲོད་འདང་ངེས་ཡོང་བའི་འགན་ལེན་བཅས་བྱས་ནས་དཔྱིད་རྨོད་དཔྱིད་གྲབས་ལ་འགན་ལེན་བྱས་པ་རེད། མིག་སྔར་དགོས་མཁོ་ལྟར་དབོར་འདྲེན་བྱེད་དགོས་པའི“འབྲུ་རིགས་དཀྱུས་མ་གཉིས”ཀྱི་ས་བོན་ཏུན་40.025དང་། རྫས་ལུད་ཏུན་700 ཞིང་སྨན་ཏུན་2.025བཅས་མཁོ་སྤྲོད་འགན་ལེན་ནུས་ལྡན་ཐུབ་ནས་དཔྱིད་རྨོད་ཀྱི་དགོས་མཁོ་བསྐངས་ཐུབ་པ་དང་སྔོན་དཔག་བྱས་ན་ཟླ་གསུམ་པའི་ཟླ་མཇུག་ཏུ་སྤྲད་ཚར་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་རྫ་ཡུལ་རྫོང་གིས་ཁྲིམས་འཛིན་མི་སྣ་སྒྲིག་འཛུགས་བྱས་ནས་ཁོངས་གཏོགས་ཁུལ་གྱི་ཞིང་ལས་རྒྱུ་ཆའི་ཁྲོམ་རར་རྫུན་མར་རྡུང་རྡེག་གཏོང་བའི་བྱ་སྤྱོད་སྤེལ་ཏེ། ཞིང་ལས་རྒྱུ་ཆ་རྫུན་མ་དང་སྤུས་ཞན་ཁྲོམ་རར་འདོན་རྒྱུ་བཀག་འདོམས་ནན་པོ་བྱས་ནས་མང་ཚོགས་ལ“བློས་འགེལ་ཆོག་པའི་ཞིང་ལས་རྒྱུ་ཆ”སྤྱོད་རྒྱུ་ཡོང་བར་བྱས་ཡོད།
གཞན་ཡང་། རྫ་ཡུལ་རྫོང་གིས་ལག་རྩལ་མཛུབ་ཁྲིད་འཆར་གཞི་དུས་ཐོག་ཏུ་བཟོས་ནས་སྤུས་ལེགས་ཀྱི་སོན་སྣ་གསར་པ་ཚོད་འདེབས་བྱ་རྒྱུའི་འོས་སྦྱོར་བྱས་པ་དང་། ཞིང་ལས་ལག་རྩལ་མི་སྣ་སྒྲིག་འཛུགས་བྱས་ནས་ཞིང་ནང་དུ་ལག་རྩལ་མཛུབ་ཁྲིད་བྱེད་པར་བཏང་སྟེ་ས་གནས་དེ་གའི་ཞིང་པ་མང་ཚོགས་ལ་ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་པ་དང་གནོད་འབུ་འགོག་བཅོས་སོགས་ཀྱི་ལག་རྩལ་དང་བྱ་ཐབས་ཁོང་དུ་ཆུད་པར་བྱས་ནས་འབྲུ་རིགས་ཐོན་འབབ་བཟང་བ་དང་ཞིང་པའི་ཡོང་འབབ་འཕར་བར་འགན་ལེན་བྱས་པ་རེད།