
ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚལ་སྣེ་ཤང་དུ་གནས་པའི་དུས་བཞི་བཀྲ་ཤིས་གྲོང་ཚོ་ནི་རང་ལྗོངས་ཀྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་བཀོད་སྒྲིག་ས་ཚིགས་ཁག་དང་པོའི་གྲས་ཤིག་རེད། དུས་བཞི་བཀྲ་ཤིས་གྲོང་ཚོས་མུའུ་ཁྲིའི་ཤིང་སོན་གསོ་སྤེལ་རྟེན་གཞི་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་སྨན་རྒྱུ་འདེབས་འཛུགས་རྟེན་གཞི། སྲོལ་རྒྱུན་ལག་ཤེས་བཟོ་ལས་སོགས་ཀྱི་རྣམ་གྲངས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་སྦྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་གྱུར། འདི་ནི་འཕེལ་རྒྱས་འགྲོ་བཞིན་པའི་དུས་བཞི་བཀྲ་ཤིས་གྲོང་ཚོའི་རྣམ་པ་ཡིན་པ།