འདི་ལོའི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་བྱ་ཆེད། ཉིན་ཤས་བསྟུད་མར་ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱིས“སྔ་ཙམ་བཀོད་སྒྲིག་དང་། སྔ་ཙམ་ལས་འགོ་འཛུགས་པ། སྔ་ཙམ་བྱ་སྤྱོད་སྤེལ་བ”བཅས་ཀྱི་རྩ་དོན་ལྟར་འབྲེལ་ཡོད་སྡེ་ཚན་གྱི་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་འོག་ཞིང་སྤྱོད་རྫས་ལུད་ཉོ་སྒྲུབ་དང་གཏོང་འདྲེན་གྱི་ལས་དོན་ཧུར་ཐག་སྤེལ་བ་རེད། གྲོང་ཁྱེར་ཡོངས་ཀྱིས་ཁྱོན་ཞིང་སྤྱོད་རྫས་ལུད་ཏུན་8040ཉོ་སྒྲུབ་བྱས་པའི་ནང་གཅིན་རྒྱུ་ཏུན་3942དང་། ཨེར་ཨན་ཏུན་2163 མཉམ་འདུས་རྫས་ལུད་ཏུན་1797 བསྐྱར་བསྲེས་རྫས་ལུད་ཏུན་138བཅས་ཟིན་པ་དང་། མིག་སྔར་ཞིང་སྤྱོད་རྫས་ལུད་གཏོང་འདྲེན་ལས་དོན་བདེ་བླག་ངང་སྤེལ་བཞིན་ཡོད་པ་རེད།
ཆབ་མདོ་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས། གོམ་སྟབས་རྗེས་མར་ཞིང་སྤྱོད་རྫས་ལུད་གཏོང་འདྲེན་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། རྫས་ལུད་གཏོང་འདྲེན་གྱི་ཆ་འཕྲིན་བཀོད་གཏོང་ཡག་པོ་དང་རྫས་ལུད་གཏོང་འདྲེན་གྱི་ལས་དོན་དང་སྦྲེལ་མཐུད་བྱས་ནས་འདི་ལོའི་རྫས་ལུད་གཏོང་འདྲེན་ལས་དོན་དུས་ཐོག་དང་བདེ་འཇཌ་ངང་ལེགས་སྒྲུབ་ཐུབ་པའི་བརྩོན་ལེན་བྱས་ཏེ། ཞིང་ལས་ཀྱི་དུས་ཚོད་ལ་འཐུས་ཤོར་མི་ཡོང་བའི་འགན་ལེན་བྱེད་ཀྱི་ཡིན་ཞེས་བཤད།