དབུ་ཤོག>ཞིང་འབྲོག་གསར་པ།
  • བདེ་སྡོད་ལས་བརྩོན་བྱུང་ནས་འཚོ་བ་ཉིན་བཞིན་སྐྱིད་དུ་སོང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-10

    དྲོ་འཇམ་ཉི་འོད་ལ་ཕྱོགས་ནས་གསར་འགོད་པ་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ཡུལ་གཞན་དུ་གནས་སྤོས་ས་ཚིགས་དར་རྒྱས་གྲོང་ཚོར་བསྐྱོད། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོའི་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པས་གྲོང་མི་ཚོར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་བཞིན་འདུག སྒྲོག་འགྲེལ་གྱི་ནང་དོན་གཙོ་བོ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་སྙན་སྒྲོན་གྱི་བརྗོད་དོན་ལ་དམ་པོར་དམིགས་ནས་རང་ངོས་ཀྱི་མྱོང་ཚོར་དང་། བོད་གསར་རྙིང་བསྡུར་བ། དེ་བཞིན་ཉེ་འགྲམ་གྱི་དཔེ་མཚོན་སོགས་དང་ཟུང་འབྲེལ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ལ་འགྲེལ་བཤད་གོ་བདེ་པོ་བརྒྱབ་པ་དང་གྲོང་མི་དང་མང་ཚོགས་ཚོར་དུས་དང་རྣམ་པ་ཀུན་ཏུ་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་ལས་སླ་པོར་བྱུང་བ་མིན་པའི་བདེ་སྐྱིད་ལྡན་པའི་འཚོ་བར་གཅེས་སྤྲས་བྱེད་དགོས་པའི་སློབ་གསོ་དང་ཁྲིད་སྟོན་བྱས་པ་རེད། སྤྲོ་སེམས་རབ་ཏུ་འཁོལ་བའི་སྒྲོག་འགྲེལ་ལ་གྲོང་མི་ཚོའི་དགའ་བསུ་ཡང་ཡང་ཐོབ་པ་རེད།

    ཕུར་བུ་དང་ཁོང་གི་བུ་མོ་2018ལོར་དིང་རི་རྫོང་ཤེལ་དཀར་གྲོང་རྡལ་མདོ་རྒྱས་གྲོང་ཚོ་ནས་དར་རྒྱས་གྲོང་ཚོར་སྤོས་ཤིང་། མ་སྤོས་གོང་ཁོང་གི་སྡོད་ཁང་ས་ཕག་གི་ཁང་པ་ཡིན་པ་དང་ཆ་རྐྱེན་ཧ་ཅང་ཞན། དར་རྒྱས་གྲོང་ཚོར་སྤོས་རྗེས་རྒྱ་ཆེ་ལ་དཀར་ཆ་དོད་པའི་ཁང་པ་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། ཕུར་བུ་ཡང་དིང་རི་རྫོང་ཧུང་ཅི་དར་རྒྱས་ཇོ་མོ་གླང་མའི་བྱ་རིགས་སྐྱེ་ཁམས་གསོ་ཚགས་མཉམ་ལས་ཁང་དུ་ལས་ཀ་རག་པ་དང་ཡོང་འབབ་བརྟན་པོ་བྱུང་ནས་ཁོང་མ་བུ་གཉིས་ལ་བདེ་སྡོད་ལས་བརྩོན་གྱི་འབྱོར་འབྲིང་འཚོ་བ་སྐྱེལ་རྒྱུ་བྱུང་ཡོད།

    ཕུར་བུ་དང་འདྲ་བར་མིག་དམར་གྱི་ནང་མི་ལྔ་པོའང་2018ལོར་དེ་གར་སྤོས། མིག་དམར་གྱི་ཁྱིམ་དུ་སྐྱོད་སྐབས་ས་ངོས་གཙང་ལ་གྲལ་སྒྲིག་པ་དང་། ཚོམས་ཆེན་ནང་བོད་བཟོའི་ཆ་སྒམ་དང་བརྙན་འཕྲིན་སོགས་ནང་ཆས་གང་དགོས་ཚང་མ་འཛོམས་འདུག མིག་དམར་གྱིས། འདི་གར་སྤོས་རྗེས་ངས་གྲོང་ཚོ་ཨུ་ལྷན་གྱི་རོགས་རམ་འོག་ཇ་ཁང་ཞིག་བཙུགས་པ་ཡིན། ཇ་ཁང་གཙང་སྦྲ་དོད་ལ་ཇ་བྲོ་བ་ཞིམ་པའི་ཁར་རིན་གོང་ཡང་ཚད་དང་མཐུན་པས། ཁོམ་པ་ཡོད་དུས་ཉེ་འགྲམ་གྱི་གྲོང་མི་ཚང་མ་དེ་གར་ཇ་འཐུང་བར་ཡོང་གི་ཡོད། ཇ་ཁང་ཆུང་ཆུང་འདིར་ཚོང་ཧ་ཅང་ཡག་པོ་འདུག་ཅེས་བཤད།

    ད་ཆ་དིང་རི་རྫོང་གི་ཡུལ་གཞན་དུ་གནས་སྤོས་ས་ཚིགས་སུ་མང་ཚོགས་ཚང་མར་ལས་ཀ་ཡོད་པ་དང་མི་ཚང་མར་ཡོང་འབབ་གསོག་རྒྱུ་ཡོད་པས་ཚང་མའི་ངོ་གདོང་ལས་དགའ་བའི་འཛུམ་མདངས་འཕྱུར་བཞིན་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག གྲོང་མིའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་ཡིན་པ་ཡིད་ཆེས་ཆེན་པོ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།