དབུ་ཤོག>ཞིང་འབྲོག་གསར་པ།
  • མངའ་རིས་ས་ཁུལ་གྱིས“རྣམ་པ་ལྔའི་ཞིང་འབྲོག་པ”སྐྱེད་སྲིང་བྱས་ནས་གྲོང་གསེབ་དར་རྒྱས་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-10

    ཉེ་བའི་ལོ་ཤས་རིང་མངའ་རིས་ས་ཁུལ་གྱིས་དོན་དངོས་ལ་གཞི་ཚུགས་ནས་བསམ་བློ་ཆབ་སྲིད་ཀྱི་ཁྲིད་སྟོན་དང་། ཤེས་དཔལ་གྱི་སྲོལ་གསར་སྐྱེད་སྲིང་། ཁྱད་ལྡན་ཐོན་ལས་འཕེལ་རྒྱས། འཚོ་སྡོད་ཁོར་ཡུག་བཅོས་སྒྲིག མི་རིགས་མཐུན་སྒྲིལ་འཛུགས་གཏོད་བཅས་ནས་འགོ་བཙུགས་ཏེ། རྒྱ་ཆེའི་ཞིང་འབྲོག་པར“རྣམ་པ་ལྔའི་ཞིང་འབྲོག་པ”ཧུར་ཐག་བཏོད་དེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    ཏང་གི་བཀའ་དྲིན་ལ་སྣང་ཆེན་དང་སྲོག་ཤིང་ལ་དགའ་ཞེན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་ཞིང་འབྲོག་པ་ཞིག་བྱེད་པ། མངའ་རིས་ས་ཁུལ་གྱིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་དང་སློབ་གྲྭ་ཆེ་མོ་བའི་གྲོང་དཔོན་སོགས་ཀྱི་སྟོབས་ཤུགས་སྤྱི་འདོམས་བྱས་ཏེ་གྲོང་གསེབ་ཀྱི་ཐང་ཆེན་དང་། མང་ཚོགས་ཀྱི་སྒོ་ར། ཞིང་ནང་མུ་ཁ་བཅས་སུ་བསྐྱོད་དེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སྒྲོག་འགྲེལ་རྒྱ་ཁྱབ་བྱས་པ་དང་། “འདུ་ཤེས་གསུམ”གྱི་དྲིལ་བསྒྲགས་སློབ་གསོ་སྤེལ་བ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་བ། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ནས་རང་རྟོགས་ངང་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པའི་ཞིང་འབྲོག་པ་ཞིག་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། མིག་སྔའི་བར་ས་ཁུལ་ཡོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཐེངས་1147སྤེལ་བར་མང་ཚོགས་མི་ཐེངས་64759ལ་སློབ་གསོ་ཐེབས་ཡོད།

    ཤེས་དཔལ་ལ་སྣང་ཆེན་དང་འཚོ་བར་དགའ་ཞེན་གྱིས་ཀུན་སྤྱོད་ལྡན་པའི་ཞིང་འབྲོག་པ་ཞིག་བྱེད་པ། མངའ་རིས་ས་ཁུལ་གྱིས“སྤྱི་ཚོགས་ཀྱི་སྤྱི་སྲོལ་དང་། ལས་རིགས་ཀྱི་ཀུན་སྤྱོད། ཁྱིམ་ཚང་གི་སྤྱོད་བཟང་། མི་སྒེར་གྱི་ཀུན་སྤྱོད”བཅས་ཀྱི་སློབ་གསོར་དམིགས་ཏེ། རྫོང་དང་། ཤང་། གྲོང་ཚོ། མི་དམངས་བཅས་ཀྱི་གནས་ཚུལ་དང་ཟུང་འབྲེལ་མཐའ་འཁྱོངས་བྱས་ཐོག གོ་བདེ་ཤེས་སླའི་སྐད་ཆ་དང་མང་ཚོགས་ཀྱིས་དང་ལེན་བྱེད་སླ་བའི་བྱ་ཐབས་ལ་བརྟེན་ནས། ཀུན་སྤྱོད་སློབ་ཁང་དང་། སྤྱོད་བཟང་བརྩི་སྲུང་། རྒན་བཀུར་གཞོན་གཅེས། གྲོན་ཆུང་བསྲི་ཚགས་སོགས་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་གཏོད་བྱེད་སྒོ་ཧུར་ཐག་སྤེལ་ཏེ། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་རང་རྟོགས་ངང་བཅའ་ཁྲིམས་དང་ཁྲིམས་སྲོལ་སྤྱོད་པ་དང་གྲོང་སྲོལ་དམངས་ཆིངས་ལ་བརྟེན་ནས་རང་ཉིད་ཀྱི་གཏམ་སྤྱོད་ལ་ཚོད་འཛིན་བྱེད་པ། བསམ་བློའི་གོ་རྟོགས་དང་། ཀུན་སྤྱོད་ཀྱི་ཆུ་ཚད། ཤེས་དཔལ་གྱི་བྱང་ཚད་བཅས་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྒྲིག་བཀུར་ཁྲིམས་སྲུང་དང་སྤྱོད་བཟང་གོང་དུ་བཀུར་བའི་ཞིང་འབྲོག་པ་བྱེད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། མིག་སྔའི་བར་ས་ཁུལ་ཡོངས་སུ་བཅའ་ཁྲིམས་ཁྲིམས་སྲོལ་དང་ཀུན་སྤྱོད་སྒྲོག་འགྲེལ་གྱི་སློབ་གསོ་ཐེངས་763སྤེལ་བ་རེད།

    ཐོན་ལས་དར་སྤེལ་དང་འབབ་འཕར་སྟོབས་ཆེར་བཏང་ནས་ཕྱུག་འགྱུར་གྱི་ཞིང་འབྲོག་པ་ཞིག་བྱེད་པ། མངའ་རིས་ས་ཁུལ་གྱིས་ཐོན་ལས་འཛུགས་སྐྲུན་དང་། ཐོན་ལས་དར་རྒྱས། ཐོན་ལས་ཕྱུག་འགྱུར་བཅས་འབབ་འཕར་ཕྱུག་འགྱུར་གྱི་རྩ་བ་བརྟན་དུ་གཏོང་བའི་བྱ་ཐབས་ཤིག་ཏུ་བརྩིས་ནས་ཁྱད་ལྡན་ཐོན་ལས་རྣམ་གྲངས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་། “ཀྲི་པུའུ་+ཀུང་སི+མཐུན་ཚོགས(མཉམ་ལས་ཁང)+ཞིང་འབྲོག་དུད་དང་། “ཧྲུའུ་ཅིས་སྣེ་ཁྲིད་དང་། ཏང་ཡོན་གྱིས་དཔེ་སྟོན། ཆེད་ལས་པས་སྒྲུབ་རོགས”བཅས་ཀྱི་རྣམ་པ་ཁྱབ་གདལ་ཤུགས་ཆེན་བཏང་སྟེ། “གཞན་བརྟེན”ནས“རང་བརྟེན”དུ་བསྒྱུར་ཏེ། ཐོན་ལས་འབབ་འཕར་གྱི་ནུས་པ་ཆེ་རུ་ནུས་ལྡན་བཏང་བ་དང་། ཞིང་འབྲོག་པའི་ཕྱུག་འགྱུར་ལམ་བུ་གསར་པ་བཏོད་དེ་ཐོན་ཁུངས་ཀྱི་ལེགས་ཆ་འཕེལ་རྒྱས་ཀྱི་ལེགས་ཆ་དང་། ཐོན་ལས་ཀྱི་ལེགས་ཆ། དཔལ་འབྱོར་གྱི་ལེགས་ཆ་བཅས་སུ་བསྒྱུར་ཡོད། མིག་སྔའི་བར་ས་ཁུལ་ཡོངས་ཀྱིས་ཞིང་འབྲོག་པའི་རྩལ་ནུས་གསོ་སྦྱོང་སྣ་ཚོགས་དུས་ཐེངས་78དང་མི་2068སྒྲིག་འཛུགས་བྱས་ནས་རྒྱ་ཆེའི་ཞིང་འབྲོག་པར་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་དང་རང་ས་རང་ཡུལ་ནས་མི་བྲལ་བར་འབབ་འཕར་ཕྱུག་འགྱུར་ཡོང་བའི་ཁྲིད་སྟོན་ཧུར་ཐག་བྱས་པ་རེད།

    ལེགས་སྐྱེས་ལ་སྣང་ཆེན་དང་ཁྱིམ་གཞིས་ལ་དགའ་ཞེན་གྱིས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཛུགས་སྐྲུན་བྱེད་མཁན་གྱི་ཞིང་འབྲོག་པ་ཞིག་བྱེད་པ། མངའ་རིས་ས་ཁུལ་གྱིས་ཞིང་འབྲོག་པའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བར་དམིགས་པ་དང་། ས་ཁུལ་ཡོངས་ཀྱི་རིམ་ཁག་སྒྲོག་འགྲེལ་རུ་ཁག་ལ་གཞི་བཅོལ་ནས་རྒྱ་ཆེའི་ཞིང་འབྲོག་པར་ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་སྒྲོག་འགྲེལ་བྱས་ནས་ཞིང་འབྲོག་པར“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི”འདུ་ཤེས་བཙུགས་ཏེ། གྲོང་ཚོའི་རྣམ་པ་དང་ཁྱིམ་ཚང་གི་འཕྲོད་བསྟེན་བཅོས་སྒྲིག་ཧུར་ཐག་བྱས་ནས་ཞིང་འབྲོག་པའི་བདེ་སྡོད་ལས་བརྩོན་གྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་པ་རེད།

    མཐུན་སྒྲིལ་ལ་སྣང་ཆེན་དང་མེས་རྒྱལ་ལ་དགའ་ཞེན་གྱིས་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པའི་ཞིང་འབྲོག་པ་ཞིག་བྱེད་པ། མངའ་རིས་ས་ཁུལ་གྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་གཙོ་རྐང་དུ་བྱས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་འཛུགས་གཏོད་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ། གཅིག་སྡུད་སྒྲོག་འགྲེལ་དང་། མཚན་མོའི་སློབ་གྲྭ་གཉེར་བ། རྒྱང་བསྒྲགས་རླུང་འཕྲིན་གཏོང་བ། སྦྱར་ཡིག་སྦྱར་བ། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལ་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་འཛུགས་པ་དང་། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་སྦྱོང་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལག་བསྟར་པ་དང་ཁྱབ་སྤེལ་གཏོང་མཁན་ཞིག་བྱས་ཏེ། ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་དར་རྒྱས་གོང་འཕེལ་གྱི་རྣམ་པ་བཟང་པོ་ཞིག་གཏོད་དགོས་པའི་སློབ་གསོ་ཁྲིད་སྟོན་བྱས་ཡོད། མིག་སྔའི་བར་ས་ཁུལ་ཡོངས་སུ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་ཐེངས་1198སྤེལ་བར་སློབ་གསོ་འཐོབ་མཁན་མང་ཚོགས་མི་ཐེངས་68039ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།