དབུ་ཤོག>ཞིང་འབྲོག་གསར་པ།
  • ཤེས་དཔལ་ཉམས་འགྱུར་བཟང་། བདེ་སྐྱིད་འཚོ་བར་རོལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-10-25

    ཉེ་བའི་ལོ་ཤས་རིང་། འབྲི་རུ་རྫོང་གིས་ཐོག་མཐའ་བར་གསུམ་དུ་བསམ་པའི་དཔལ་ཡོན་སྲོལ་གཏོད་བྱ་རྒྱུ་དེ་གནས་བབ་གལ་ཆེན་དུ་བཞག་སྟེ། དཔེ་མཚོན་ཅན་འདེམས་འཛུགས་ཐད་ཤུགས་སྣོན་རྒྱག་པ་དང་། དཔལ་ཡོན་ལག་ལེན་ཐད་བྱ་ཐབས་དངོས་འདོན་པ། དར་སྲོལ་གྱི་སྣེ་ཁྲིད་ཐད་ཚད་བརྒལ་དོན་གཉེར་བྱེད་པ། མཉམ་སྐྲུན་མཉམ་སྤྱོད་ཐད་ཕན་འབྲས་དངོས་ཐོན་པ་བཅས་བྱས་པས། སྤྱི་ཚོགས་ཀྱི་ཤེས་དཔལ་ཚད་གཞི་དང་མང་ཚོགས་ཀྱི་ཤེས་དཔལ་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་དང་བསམ་པའི་དཔལ་ཡོན་སྲོལ་གཏོད་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད།

    དང་བླངས་ཞབས་ཞུས་མང་ཚོགས་ཀྱི་སྐྱིད་སྣང་ཆེ་རུ་ཕྱིན་པ།

    དང་བླངས་ཞབས་ཞུ་ནི་སྤྱི་ཚོགས་ཀྱི་ཤེས་དཔལ་ཆུ་ཚད་ཀྱི་མཚོན་རྟགས་གལ་ཆེན་ཞིག་དང་། བསམ་པའི་དཔལ་ཡོན་སྲོལ་གཏོད་ལ་ཤུགས་སྣོན་རྒྱག་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་བསྟར་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་རེད། འབྲི་རུ་རྫོང་གིས་དང་བླངས་ཞབས་ཞུ་རྒྱུན་རྣམ་ཅན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ། བུད་མེད་དང་བླངས་པའི“དཔྱིད་རླུང་བྱ་སྤྱོད”དང་། “ཕྱོགས་མང་མཉམ་འབྲེལ”གྱི་འགྲིམ་འགྲུལ་བཀོད་འདོམས་དང་བླངས་ཞབས་ཞུ། “བཅའ་ཁྲིམས་སློབ་གྲྭར་ཁྱབ་གདལ་གཏོང་བའི”ཤེས་བྱ་ཁྱབ་གདལ་ཞབས་ཞུ། “རིགས་པའི་གཞུང་ལུགས་ཁྱིམ་ཚང་སྟོང་དུ་ཁྱབ་གདལ་གཏོང་བའི”དྲིལ་བསྒྲགས་སློབ་གསོའི་ཞབས་ཞུ་སོགས་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

    མིག་སྔའི་བར་འབྲི་རུ་རྫོང་གིས་དང་བླངས་ཞབས་ཞུའི་སྤྱི་ཁྱབ་རུ་ཁག་1དང་། ཆེད་དོན་རང་བཞིན་གྱི་དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག་13 ཁྱད་ལྡན་དང་བླངས་ཞབས་ཞུའི་རུ་ཁག་5བཅས་བཙུགས་པ་དང་། ཤང་དང་གྲོང་རྡལ་ཁག་ཏུ་དང་བླངས་ཞབས་ཞུའི་ཡན་ལག་རུ་ཁག་50བཙུགས་པ། གྲོང་ཚོར(སྡེ་ཁུལ)དང་བླངས་ཞབས་ཞུའི་རུ་ཆུང་448བཙུགས་པ། དང་བླངས་ཞབས་ཞུའི་བྱེད་སྒོ་ཁྱོན་900ལྷག་ཙམ་སྤེལ་བ་རེད།

    དུས་རབས་ཀྱི་མིག་དཔེས་སྤྱི་ཚོགས་ཀྱི་དར་སྲོལ་ལ་སྣེ་ཁྲིད་བྱས་པ།

    འབྲི་རུ་རྫོང་གིས་གསོ་སྐྱོང་དང་སྔོག་འདོན་གལ་ཆེ་མཉམ་བརྩི་དང་དྲིལ་བསྒྲགས་དང་ཁྱབ་སྤེལ་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་བྱས་ནས། ཀུན་སྤྱོད་དཔེ་བཟང་བ་དང་། ཉེ་འགྲམ་གྱི་མི་བཟང་། སྐར་མ་རིམ་པའི་ཤེས་དཔལ་དུད་ཁྱིམ་སོགས་སྔོན་ཐོན་དཔེ་མཚོན་དཔྱད་འདེམས་བྱེད་སྒོ་རྒྱུན་མཐུད་སྤེལ་བ་དང་། ཀུན་སྤྱོད་དཔེ་བཟང་བ་དང་། ཉེ་འགྲམ་གྱི་མི་བཟང་གི་བཞུགས་མོལ་ཚོགས་འདུ། སྙན་སྒྲོན་ཚོགས་འདུ། གཞི་རིམ་གྱི་སྒྲོག་འགྲེལ་སོགས་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ་བ། ཀུན་སྤྱོད་དཔེ་བཟང་བ་དང་ཉེ་འགྲམ་གྱི་མི་བཟང་སྒྲིག་འཛུགས་བྱས་ནས་ལས་ཁུངས་དང་། སློབ་གྲྭ ཁེ་ལས། སྡེ་ཁུལ། གྲོང་ཚོ་དང་གྲོང་རྡལ་བཅས་སུ་བསྐྱོད་དེ། བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཀུན་སྤྱོད་དཔེ་བཟང་བའི་་མི་སེམས་འགུལ་བའི་བྱས་རྗེས་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ནས། ཀུན་སྤྱོད་དཔེ་བཟང་བར་སློབ་སྦྱོང་དང་། བརྩི་འཇོག བརྩོན་ལེན་བཅས་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་ཡོད་པ་རེད།

    “ཏང་ནང་ཞུགས་ཚེ་མི་ཚེ་ཧྲིལ་པོ་ཏང་གི་བྱ་གཞག་ཆེད་དུ་འབད”འདི་ལོ་ལོ་84ལ་སླེབས་པའི་སྲི་འཛོམས་ཏང་ནང་ཞུཌ་ནས་ལོ་47སོང་བ་དང་། ཁོང་གིས་རྒྱུན་དུ་གོ་བདེ་ཞིང་ཤེས་སླ་ལ་དགོད་བྲོ་བའི་སྐད་ཆའི་ཐོག་ནས་ཏང་གི་སྲིད་ཇུས་བཟང་པོ་དྲིལ་བསྒྲགས་བྱེད་ཀྱི་ཡོད། རྒན་ཡོལ་ཞུས་རྗེས་རང་འགུལ་ངང་འདུམ་འགྲིག་པ་བྱས་ཏེ་བྱ་སྤྱོད་ངོ་མའི་ཐོག་ནས“ལས་གནས་དང་བྲལ་ཡང་ཏང་དང་ཁ་མི་བྲལ་བ་དང་རྒན་ཡོལ་ཞུས་ཀྱང་རང་འཁྲིའི་ལས་འགན་འཁུར་བའི”སྙིང་སྟོབས་ལག་ལེན་དུ་བསྟར་གྱི་ཡོད་པ་རེད།

    རྣམ་བཀྲ་ནི་མི་དམངས་འདུམ་འགྲིག་པ་ཞིག་ཡིན་ཞིང་། 1980ལོ་ནས་བཟུང་མི་དམངས་འདུམ་འགྲིག་པའི་འགན་འཁུར་རྗེས། ཁོང་གིས་འགལ་ཟླ་དང་རྩོད་གཞི་སྣ་ཚོགས་310ལྷག་ཙམ་བསལ་ནས་སྤྱིར་བཏང་གི་ལས་གནས་ཐོག་སྤྱིར་བཏང་མིན་པའི་བྱ་གཞག་བསྒྲུབས་པས“རྒྱལ་ཡོངས་ཀྱི་དཔེ་བཟང་མི་དམངས་འདུམ་འགྲིག་པའི”གཟི་བརྗིད་མཚན་སྙན་ཐོབ་པ་རེད།

    ཤེས་དཔལ་སྲོལ་གསར་གྱིས་མི་སེར་ཚོའི་སེམས་ཀྱི་ཞིང་ས་བརླན་པ།

    ཉེ་བའི་ལོ་ཤས་རིང་། འབྲི་རུ་རྫོང་གིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། སྤྱི་པའི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་བཅས་བྱས་ནས། ཤེས་དཔལ་ཚན་པ་དང་། ཤེས་དཔལ་གྲོང་ཚོ་དང་གྲོང་རྡལ། ཤེས་དཔལ་ཁྱིམ་ཚང་། ཤེས་དཔལ་སློབ་གྲྭ་བཅས་འཛུགས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ། གོམས་སྲོལ་རྙིང་པ་བསྒྱུར་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་ལུགས་རྙིང་སྲོལ་ངན་མེད་པར་བཟོས་ཏེ། ཡ་རབས་ཡུལ་སྲོལ་དང་། ཁྱིམ་སྲོལ་བཟང་པོ། བབ་ཆགས་དམངས་སྲོལ་བཅས་སྐྱེད་སྲིང་བྱས་པ། རྒྱུན་རྣམ་ཅན་གྱི་རིག་གནས་བྱེད་སྒོ་སྤེལ་ནས་མང་ཚོགས་རྣམས་ཕྱིར་བསྐྱོད་མི་དགོས་པར་རང་ཁྱིམ་གྱི་སྒོ་རྩ་ནས་རིག་གནས་སྟོན་མོ་ལོངས་སུ་སྤྱོད་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།