དབུ་ཤོག>ཞིང་འབྲོག་གསར་པ།
  • སྟོན་བསྡུའི་ལས་ལ་བྲེལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-09-02

    རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་སྟོན་བསྡུའི་ལས་དོན་གཉིས་ཀ་མི་འཕྱུགས་པའི་འགན་ལེན་བྱ་ཆེད། མལ་གྲོ་གུང་དཀར་རྫོང་བཀྲ་ཤིས་སྒང་ཤང་གིས་གྲོང་ཚོ་ཁག་གི་ལོ་ཏོག་སྨིན་ཚུལ་དང་བརྔ་བསྡུ་འཕྲུལ་འཁོར་སོགས་ཞིང་སྤྱོད་འཕྲུལ་ཆས་གྲ་སྒྲིག་བྱས་ཚུལ་ལ་གྲལ་བཤེར་དང་སྦྲགས་གོང་རིམ་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་ཧུར་ཐག་དང་གྲོང་ཚོ་ཁག་གི་བསམ་འཆར་བསྡུ་ལེན་བྱས་ཏེ། ཟླ་8ཚེས་29ཉིན་ནས་བཟུང་བརྔ་བསྡུ་འཕྲུལ་འཁོར་37སྤྱད་ནས་འཚང་གཡོལ་དང་རེས་མོས་ཀྱིས་སྟོན་བསྡུའི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ་རེད།

    3246773_yis_1662048000000_s.jpg

    འདི་ནི་ཞིང་འཕྲུལ་གྱིས་ཞིང་ནང་དུ་བཙས་མ་རྔ་བཞིན་པ།

    3246771_yis_1662048000000_s.jpg

    སྟོན་བསྡུའི་འཕྲལ་སྒྲུབ་རུ་ཁག་གིས་འབྲུ་རིགས་དབོར་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།