དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་སྣང་རྫོང་གིས་སུར་པན་ཆུང་ཆུང་ལ་བརྟེན་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-14

     བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། “འདི་གར་ནི་སུར་པན་གྱི་ཕ་ཡུལ་བོད་ལྗོངས་སྣང་རྫོང་ཡིན་ཞིང་། དེ་གར་སུར་པན་འདེབས་པའི་ལོ་རྒྱུས་ཡུན་རིང་ལྡན་པ་དང་། དེ་གའི་སུར་པན་ལ་འཚོ་བཅུད་Cདང་མེ་ཏོག་གི་མདོག་རྒྱུ་ལྡན་པས་རྒྱལ་ཁབ་ཞིང་ལས་གྲོང་གསེབ་པུས་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་ཀྱི་མཚན་སྙན་གནང་ཡོད། སྤུས་ཚད་སྣང་དག་མེད” “དྲ་ཐོག་མིང་ཅན”ཨ་ཅག་དབང་མོས་སྣང་རྫོང་སྣང་གྲོང་རྡལ་ཐོགས་མེད་གྲོང་ཚོའི་སུར་པན་འདེབས་འཛུགས་རྟེན་གཞིའི་ས་ཡུལ་དངོས་ནས་ཐད་གཏོང་བྱས་ནས་ཡུལ་ཟོག་ཚོང་སྐབས་དྲ་གྲོགས་ལ་ངོ་སྤྲོད་བྱེད་བཞིན་བཤད།

    ཐད་གཏོང་བྱས་པའི་སྐར་མ་3གྱི་ནང་སུར་པན་རྒྱ་མ་1000ལྷག་ཙམ་བྲིན་པ་དང་། ད་རེས་ཐད་གཏོང་བྱས་པ་ལས་སྣང་རྫོང་གི་སུར་པན་རྒྱ་མ་ཁྲི་2.1ལྷག་ཙམ་ཕྱིར་ཚོང་བྱ་རྒྱུར་རམ་འདེགས་ཐུབ་ནས་ཡོང་འབབ་སྒོར་ཁྲི་20ལྷག་ཙམ་བྱུང་ཡོད།

    ཉེ་བའི་ལོ་ཤས་རིང་ཐོགས་མེད་གྲོང་ཚོས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་རྒྱུར་དམིགས་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་གོ་སྐབས་སུ་བྱས་ཏེ། ཡུལ་བབ་དང་བསྟུན་པ་དང་ཚན་རིག་དང་མཐུན་པའི་ཇུས་འགོད་དང་། ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ། “ཁེ་ལས+གྲོང་ཚོ་མཉམ་སྡེབ+འདེབས་འཛུགས་དུད་ཚང”ཁྱབ་གདལ་ཤུགས་ཆེན་གཏོང་བ་བཅས་བྱས་ནས་སྔོན་མའི“ཁ་ཐོར”གྱི་འདེབས་འཛུགས་འཆིང་རྒྱ་ལས་སྒྲོལ་ཏེ་གྲོང་ཚོའི་མཉམ་སྡེབ་ཀྱིས་ས་ཞིང་འགན་གཙང་བླངས་ནས་གཅིག་གྱུར་ངང་སོན་བཟང་འདེམས་པ་དང་། གཅིག་གྱུར་འདེབས་འཛུགས་བྱེད་པ། གཅིག་གྱུར་གཡོག་བྱེད་བྱེད་པ། གཅིག་གྱུར་ཕྱིར་ཚོང་བཅས་བྱས་པས་འདེབས་འཛུགས་དང་། གཡོག་བྱེད། ཕྱིར་ཚོང་བཅས་གཞི་གཅིག་ཅན་མངོན་འགྱུར་ཐུབ་སྟེ། མང་ཚོགས་སུར་པན་ལ་བརྟེན་ནས་ཡོང་འབབ་གསོག་ཐུབ་པ་དང་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཐུབ་པ་བྱུང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།