དབུ་ཤོག>ཞིང་འབྲོག་གསར་པ།
  • ​ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དོན་གླིང་གྲོང་ཚོའི་དགྲ་འདུལ་གྱི་ཕྱུག་འགྱུར་གཏམ་རྒྱུད་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-12

    གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཆུ་ཤར་གྲོང་རྡལ་དོན་གླིང་གྲོང་ཚོའི་དགྲ་འདུལ་གྱིས་2003ལོ་ནས་བཟུང་འཚོ་བ་ལེགས་སུ་གཏོང་ཆེད། དངུལ་བུན་གྱི་ཟངས་བྱང་ཡོད་སྟབས་ཞིང་ལས་དངུལ་ཁང་ཆུ་ཤར་ལས་གཉེར་ཁང་ནས་དབུལ་སྐྱོར་དངུལ་བུན་སྒོར་3000གཡར་ཏེ་གྲོང་ཚོར་ཚོང་ཁང་དང་པོ་བཙུགས། ལོ་གཉིས་ལྷག་ཙམ་གྱི་དཀའ་སྤྱད་གཉེར་སྐྱོང་བྱས་པ་བརྒྱུད། 2005ལོར་ཁོང་གིས་དངུལ་བུན་གྱི་མ་སྐྱེད་འཇལ་བ་མ་ཟད། ད་དུང་ཚོང་གཉེར་གྱི་ཉམས་མྱོང་ངེས་ཅན་ཞིག་བསགས་ནས་མི་ཚེའི་ཡོང་འབབ་དང་པོར་གྱུར།

    2006ལོར་ཆུ་ཤར་ལས་གཉེར་ཁང་གི་ལས་གཉེར་བས་ཡུན་རིང་ལྟ་ཞིབ་བྱས་པ་བརྒྱུད། དགྲ་འདུལ་གྱི་དཀའ་སྤྱད་ཕྱུག་འགྱུར་གྱི་བསམ་འདུན་དང་དུས་འགོའི་དངུལ་བུན་ལ་ཕན་འབྲས་བཟང་པོ་ཐོན་པར་དོ་སྣང་བྱུང་ནས། ལས་གཉེར་ཁང་གིས་དགྲ་འདུལ་ཁྱིམ་གྱི་དོན་དངོས་ལ་གཞིཌ་ཏེ་དངུལ་བུན་གྱི་ལག་ཁྱེར་དེ“ཟངས་བྱང”ནས“གསེར་བྱང”ལ་སྤར་བ་རེད།

    དེ་རྗེས་དགྲ་འདུལ་གྱི་བསམ་རྒྱ་ཡང་ཆེ་རུ་ཕྱིན་ནས་དངུལ་བུན་སྒོར་ཁྲི་6གཡར་རྒྱུའི་རེ་བ་ཞུས་ཏེ། རྒྱལ་རྩེ་དང་པ་སྣམ་ནས་སྤུས་ལེགས་བཞོན་མ་8ནང་འདྲེན་གྱིས་ཆུ་ཤར་གྲོང་རྡལ་གྱི་བ་གསོ་ར་བ་དང་པོ་དེ་བཙུགས།

    ཁྲོམ་རའི་དགོས་མཁོ་སྐོང་ཆེད། 2012ལོའི་ཟླ་7པར་དགྲ་འདུལ་གྱིས་ཆུ་ཤར་ལས་གཉེར་ཁང་ནས་དངུལ་བུན་སྒོར་ཁྲི་10གཡར་ནས་གསོ་ཚགས་གཞི་ཁྱོན་ཆེ་རུ་བཏང་། 2014ལོའི་ཟླ་2པར་ཕྱུགས་གསོའི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ཆུ་ཤར་ལས་གཉེར་ཁང་གིས་ཀྱང་དགྲ་འདུལ་ཁྱིམ་གྱི་ཡིད་རྟོན་དང་དེ་བཞིན་སླད་ཕྱིན་དངུལ་བུན་གཡར་རྒྱུར་སྟབས་བདེ་སྐྲུན་ཆེད། དངུལ་བུན་ལག་ཁྱེར“གསེར་བྱང”དེ“སྐར་གསུམ་ཕ་ལམ་བྱང་བུར”སྤར་བ་མ་ཟད། རྒྱུན་འཁོར་མ་དངུལ་སྒོར་ཁྲི་8གཡར་བ་རེད།

    ལས་གཏོད་མཐའ་འཁྱོངས་བྱེད་རིང་། དགྲ་འདུལ་ཁྱིམ་གྱི་འཚོ་བ་ཡང་ཇེ་ལེགས་སུ་ཕྱིན་ནས་ཐོག་སོ་ཉིས་བརྩེགས་ཀྱི་ཁང་པ་བརྒྱབ་པ་མ་ཟད། ཕྲུ་གུ་གཉིས་ནང་སའི་སློབ་ཆེན་དུ་བཏང་བ་དང་། ཕྲུ་གུ་གཞན་གཉིས་གཞིས་རྩེར་མཐོ་འབྲིང་འགྲིམ་བཞིན་ཡོད། ཁོང་གིས་མི་རབས་རྗེས་མར་སློབ་གསོ་དེ་བས་ལེགས་པ་དང་ལེན་བྱེད་དུ་འཇུག་རྒྱུའི་གལ་ཆེའི་རང་བཞིན་གསལ་པོ་ཤེས་ཀྱི་ཡོད་ལ། ཉེ་འགྲམ་གྱི་ཡུལ་མི་ཚོ་དེ་བས་མ་བརྗེད་པར་ལོ་ཤས་གོང་རང་ཁྱིམ་གྱི་བེའུ་10རིན་མེད་ངང་གྲོང་ཚོའི་དཀའ་ངལ་ཡོད་པའི་དུད་ཚང་ལ་སྤྲད་དེ་གྲོང་མིར་འབབ་འཕར་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་བྱས།

    དགྲ་འདུལ་གྱིས་རྟག་ཏུ་གཉེན་ཉེ་དང་གྲོགས་པོ་ཚོར“ཏང་གི་སྲིད་ཇུས་བཟང་པོ་དང་ཞིང་ལས་དངུལ་ཁང་གི་དངུལ་རྩའི་རྒྱབ་སྐྱོར་མེད་ཚེ་ངའི་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡོང་མི་སྲིད། འབྱུང་འགྱུར་ལ་ང་ཡིད་ཆེས་ཀྱིས་ཁེངས་ཡོད། ཏང་གི་སྲིད་ཇུས་བཟང་པོར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། ཞིང་ལས་དངུལ་ཁང་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།