དབུ་ཤོག>ཞིང་འབྲོག་གསར་པ།
  • རྫ་ཡུལ་རྫོང་གིས་ཚ་ཁུལ་གྱི་ཤིང་འབྲས་ཚོད་འདེབས་དང་ཁྱབ་གདལ་ཧུར་ཐག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-12

    2017ལོ་ནས་2021ལོའི་བར། རྫ་ཡུལ་རྫོང་གིས་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་སྔོ་ཚལ་ཞིབ་འཇུག་སུའོ་ཡི་ལས་དོན་པ་གདན་དྲངས་ཏེ། རྫ་ཡུལ་རྫོང་དུ་ཚ་ཁུལ་གྱི་འབྲས་ཤིང་འདེབས་འཛུགས་ཚོད་ལྟ་བྱས་པ་རེད། མིག་སྔར་ཚོད་ལྟའི་ལས་དོན་ལ་གྲུབ་འབྲས་རགས་ཙམ་ཐོབ་པ་དང་། འདི་ལོ་འབྲས་ཤིང་ཁག་གཅིག་ལ་འབྲས་བུ་བཏགས་ནས། ས་གནས་དེ་གའི་མང་ཚོགས་ཀྱི་དངུལ་སྨར་ཡོང་འབབ་མང་དུ་འགྲོ་རྒྱུ་ཡིན་པ་རེད།

    ཀྲོའུ་ཙུའོ་ཁུའེ་བཟའ་ཚོ་ནི་དེ་སྔོན་རྫ་ཡུལ་ཞིང་རའི་གནས་སྐབས་གླ་པ་ཡིན་ཞིང་། 2018ལོར་ཚོད་ལྟའི་རྟེན་གཞིའི་གཡོག་བྱེད་པར་བསྡུས། 2020ལོར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གིས་ཚོད་འདེབས་ལེགས་གྲུབ་བྱུང་བའི་ཤིང་འབྲས་འོ་སེའི་རྟེན་གཞི་དེ་ཉིད་བཟའ་ཚོ་གཉིས་ལ་སྤྲད་ནས་གཡོག་བྱེད་དུ་བཅུག་པ་དང་བོགས་མའི་དུས་ཚོད་མ་ཐིམ་གོང་གི་ཤིང་འབྲས་བཙོངས་པ་ལས་བྱུང་བའི་ཡོང་འབབ་ཚང་མ་བཟའ་ཚོ་གཉིས་ལ་བདག་རྒྱུ་བྱས། ཤིང་འབྲས་འོ་སེ་རྫ་ཡུལ་རྫོང་དུ་བྲིན་ཁ་རྒྱུག་པ་དང་བསྟུན་ནས། བཟའ་ཚོ་གཉིས་པོ་ཤིང་འབྲས་ལྡུམ་རའི་འབྱུང་འགྱུར་ལ་རེ་བས་ཁེངས་ཤིང་། རང་འགུལ་ངང་འདེབས་ཁྱོན་ཆེ་རུ་བཏང་བ་མ་ཟད་འབྲས་ཤིང་གི་སྣ་ཁ་ཡང་མང་དུ་བཏང་བ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོ་ནས་2021ལོའི་བར་རང་སྐྱོང་ལྗོངས་ཞིང་ལས་ཚན་རིག་ཁང་གི་ཚོད་འདེབས་བྱས་འབྲས་ལས་མངོན་པར། རྫ་ཡུལ་རྫོང་རྫ་ཡུལ་རོང་སྨད་གྲོང་རྡལ་གྱི་ས་བབ་མཐོ་ཚད་སྨི་1700མན་གྱི་ས་ཁོངས་སུ་བཏབ་པའི་ཨོ་སི་ཁྲུ་ལི་ཡའི་ཤུན་མཁྲེགས་ཤིང་ཏོག་དང་། ཤིང་ཏོག་ཧོང་ཕི། ལྷོ་ཕྱོགས་ཀྱི་ཤིང་ཏོག་གོ་སང་བཅས་ཡུལ་དེ་གའི་གནམ་གཤིས་ལ་འཕྲོས་ནས་སྐྱེ་ཚུལ་ལེཌ་པོ་བྱུང་བ་དང་། འབྲས་ཤིང་ཁག་གཅིག་ལ་འབྲས་བུ་འབོར་ཆེན་བཏགས་པ་དང་ལྷག་པར་དུ་ཨོ་སི་ཁྲུ་ལི་ཡའི་ཤུན་མཁྲེགས་ཤིང་ཏོག་ལ་ཐོན་འབབ་མང་བ་དང་། སྤུས་ཚད་མཐོ་བའི་ཁྱད་ཆོས་མངོན་པས་རྫ་ཡུལ་སྨད་གྲོང་རྡལ་དུ་འདེབས་རྒྱུར་ཧ་ཅང་འཚམ་པོ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།