དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་ཚད་ལྡན་ཞིང་ཞོར་ཐོན་རྫས་ཁྲོམ་ར་ཐོག་མ་སྒོ་དབྱེ་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-08-12

    ཉེ་ཆར། གསར་འགོད་པར་ལྷ་ས་གྲོང་ཁྱེར་ཚོང་དོན་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་ཚད་ལྡན་ཞིང་ཞོར་ཐོན་རྫས་ཁྲོམ་ར་ཐོག་མ་དེ་སྒོ་དབྱེ་རྒྱུ་ཡིན་པ་དང་། གྲོང་ཁྱེར་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་ཁྲོམ་རར“བཀྲག་མདངས་འཚེར་ས”དང“ནང་དོན”སྒྱུར་བཀོད་དང་ལེགས་གཏོང་བྱ་རྒྱུ་རེད། གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་ཤས་ཤིག་ཡིན་པའི་ཞིང་ཞོར་ཐོན་རྫས་ཁྲོམ་ར་ནི་གྲོང་མི་མང་ཚོགས་ཚོའི“ཤ་ཚལ་སྒོང་གསུམ”དང“ཟ་འབྲུའི”དམངས་འཚོའི་འགན་ལེན་བྱ་ཡུལ་གལ་ཆེན་ཞིག་ཡིན་པས། དམངས་འཚོའི་བདེ་སྐྱིད་སྟོན་གྲངས་དང་འབྲེལ་བ་ཡོད་ལ་གྲོང་ཁྱེར་གྱི་ཤེས་དཔལ་གཟུགས་བརྙན་ཡང་མཚོན་གྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། སྤུས་ཚད་མཐོ་བའི་ཚད་ལྡན་ཞིང་ཞོར་ཐོན་རྫས་ཁྲོམ་ར(ཚལ་ཁྲོམ)འཛུགས་སྐྲུན་གྱི་ཚོད་ལྟའི་རྣམ་གྲངས་ནི་2022ལོའི་ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་གཙོ་གནད་དམངས་འཚོའི་རྣམ་གྲངས་ཤིག་ཡིན་ཞིང་། དེ་ལྷ་ས་གྲོང་ཁྱེར་བརྒྱད་གཅིག་ལྷོ་ལམ་དུ་ཡོད་པའི་བརྒྱད་གཅིག་ཞིང་ཞོར་ཐོན་རྫས་ཁྲོམ་རར་གནས་པ་དང་རྣམ་གྲངས་ཀྱི་སྤྱིའི་སྒྱུར་བཀོད་རྒྱ་ཁྱོན་སྨི་ངོས་གྲུ་2410.69ཟིན་ཞིང་། དེས་ཞིང་ཞོར་ཐོན་རྫས་ཁྲོམ་རའི་སྒྲིག་བཀོད་རྙིང་པ་ཆགས་པ་དང་། ཁོར་ཡུག་བཙོག་ཟིང་ཞན་གསུམ་སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ་ཁྲོམ་རའི་ཕྱི་ནང་གི་ཁོར་ཡུག་དུས་གཅིག་ཏུ་ལེགས་སུ་དང་མཁྲེགས་ཆས་སྒྲིག་བཀོད་དང་མཉེན་ཆས་དོ་དམ་དུས་གཅིག་ཏུ་ལེགས་སུ་བཏང་ནས། སྒྲིག་བཀོད་འཐུས་ཚང་དང་། ཁོར་ཡུག་ཡག་པོ། དོ་དམ་ཚད་ལྡན་བཅས་ཀྱི་ཞིང་ཞོར་ཐོན་རྫས་ཁྲོམ་ར་རིམ་བཞིན་འཛུགས་རྒྱུ་རེད།

    མིག་སྔར་རྣམ་གྲངས་དེས་ཨར་སྐྲུན་ཚན་པ་ཡོངས་བསྒྲགས་ངང་འོས་སྐུལ་འོས་དཔོད་ཀྱི་ལས་དོན་སྤེལ་བཞིན་ཡོད་ཅིང་། རྒྱལ་ནང་གི་སྤུས་ཚད་མཐོ་བའི་ཚད་ལྡན་ཞིང་ཞོར་ཐོན་རྫས་ཁྲོམ་ར་སྒྱུར་བཀོད་ཀྱི་ཉམས་མྱོང་ལྡན་པའི་ཨར་སྐྲུན་ཁེ་ལས་འོས་སྐུལ་འོས་དཔོད་ནང་ཞུགས་རྒྱུར་གདན་ཞུ་བྱས་ནས་ལྷ་སའི་སྤུས་ཚད་མཐོ་བའི་ཚད་ལྡན་ཞིང་ཞོར་ཐོན་རྫས་ཁྲོམ་ར་ཐོག་མ་དེ་བསྐྲུན་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།