དབུ་ཤོག>ཞིང་འབྲོག་གསར་པ།
  • ཐོན་ལས་དར་རྒྱས་བཏང་། ཕྱུག་འགྱུར་ལམ་བཟང་རྙེད་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-15

    cdfb987c-8c35-4146-9765-fb83db18892e.jpg.jpg

    འདི་ནི་ལུང་རིང་ཤང་ལུང་རིང་གྲོང་ཚོའི་སྔོ་ཚལ་འདེབས་འཛུགས་དུད་ཚང་གིས་བཏུས་མ་ཐག་པའི་སྔོ་ཚལ་དབྱེ་གསེས་གཏོང་བཞིན་པ།

    ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་ལུང་རིང་ཤང་ལུང་རིང་གྲོང་ཚོའི་དྲོད་ཁང་ཆེ་མོར་དུད་སྦྲེལ་ཁག་གིས་དགའ་སྤྲོའི་ངང་སྔོ་ཚལ་དང་ཤིང་འབྲས་འཐུ་བཞིན་པའི་རྣམ་པ་ལས་མི་རྣམས་ལ་ཚོར་སྣང་གསར་པ་ཞིག་ངང་གིས་སྦྱིན། “དེ་སྔ་འདེབས་འཛུགས་ལག་རྩལ་མི་འདང་བའི་དབང་གིས་དྲོད་ཁང་རྦད་དེ་བེད་མེད་དུ་ལུས་ཡོད། ན་ནིང་ཤང་གི་ལས་བྱེད་པས་སྔོན་ལ་དཔེ་སྟོན་འདེབས་འཛུགས་བྱས་པ་ནས་བཟུང་ང་ཚོར་སྔོ་ཚལ་བཏབ་ན་ཡོང་འབབ་མང་དུ་གཏོང་ཐུབ་པའི་སེམས་ཤུགས་སྐྱེས་བྱུང་། མ་ཟད་དྲོད་ཁང་ནང་གི་རྩྭ་ངན་ཡང་ཕྱུགས་ཟོག་ལ་སྟེར་ཆོག་པས་དངོས་འབྲེལ་གཅིག་གོ་ཉིས་ཆོད་རང་རེད་འདུག ད་ཆ་མི་རྣམས་ཀྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་སྐྱིད་དུ་འགྲོ་བཞིན་ཡོད”ཅེས་ལུང་རིང་གྲོང་ཚོའི་ཚོགས་ཆུང་བཞི་པའི་དུད་སྦྲེལ་སྤྱི་མི་སྐལ་ནོར་གྱིས་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལུང་རིང་ཤང་ལ་ད་ཆ་མཐོ་གྲང་ཉིས་སྤྱོད་ཀྱི་དྲོད་ཁང་སྟར་པ་30ཡོད་པ་དང་། གྲོང་ཚོའི་དུད་སྦྲེལ་33ལ་རྒྱ་ཁྱོན་སྨི་ངོས་གྲུ་307ཟིན་པའི་དྲོད་ཁང་འགན་གཙང་སྤྲད་ནས་དུད་སྦྲེལ་ཁག་གི་སྤྱི་མིས་གཅིག་གྱུར་དོ་དམ་བྱེད་ཀྱི་ཡོད། ན་ནིང་ཟླ་11པར་འདེབས་འཛུགས་བྱེད་འགོ་ཚུགས་པ་ནས་ད་བར་ཐེངས་བཞི་བཏུས་ཟིན་པ་དང་འཐུ་ཐེངས་རེར་སྤྱི་རྒྱ་4000ཡས་མས་ཟིན་གྱི་ཡོད།

    མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྔར་བས་སྐུལ་ཁྲིད་བྱས་ནས་ཞིང་ལས་འཕེལ་རྒྱས་གཏོང་སྟངས་གསར་གཏོད་དང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་གཏོང་ཆེད། 2021ལོར་འདམ་གཞུང་རྫོང་ལུང་རིང་ཤང་ལུང་རིང་གྲོང་ཚོ་ཚོད་ལྟའི་ཁུལ་དུ་བྱས་ནས་དྲོད་ཁང་ཆེ་མོར་སྔོ་ཚལ་འདེབས་འཛུགས་བྱས་ཏེ“ཏང་འཛུགས་སྐྱོང+མཉམ་སྡེབ་དཔལ་འབྱོར+དུད་སྦྲེལ+དུད་སྦྲེལ་སྤྱི་མིའི”བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་ནས་ཁྱབ་གདལ་བཏང་སྟེ་ཤང་ཡོངས་ཀྱི་ཞིང་འབྲོག་ཟུང་འབྲེལ་ངང་འཕེལ་རྒྱས་དང་རྨང་གཞི་བརྟན་དུ་གཏོང་བར་དཔེ་སྟོན་བྱས་པ་རེད། ལུང་རིང་ཤང་གི་གྲོང་ཚོ་ཁག་གིས་ཐོན་ལས་གྲུབ་ཆ་ལེགས་སྒྲིག་གི་འཆར་འགོད་དང་ལེན་ཧུར་ཐག་བྱས་ནས་སྔོ་ཚལ་འདེབས་འཛུགས་ལས་ལ་ཧུར་ཐག་ཞུགས་པས། ཁོ་ཚོ་སོ་སོའི་སྔོ་ཚལ་དཀོན་པའི་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ཡོང་འབབ་ཀྱང་མང་དུ་ཕྱིན་པ་རེད།

    “དངུལ་དང་དངོས་པོ་སྟེར་བ་ལས་ཀྲི་པུའུ་ཡག་པོ་ཞིག་ཡོད་ན་དེ་བས་ལེགས་པ་ཡོད”ལུང་རིང་གྲོང་ཚོར་གྲུབ་འབྲས་ཐོབ་པའི་ངང་ཚོད་ལྟ་བྱས་རྗེས། ལུང་རིང་ཤང་ཏང་ཨུད་ཀྱིས་གཞི་རིམ་ཏང་ཀྲི་པུའུ་ཡི་འཐབ་འཛིང་མཁར་རྫོང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་རྒྱ་སྐྱེད་གཏོང་རྒྱུ་དེ་ཁྱད་ཆོས་ལྡན་པའི་ཐོན་ལས་སྐྱེད་སྲིང་དང་རྒྱ་སྐྱེད་གཏོང་བ་དང་། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱེད་པའི་བྱེད་ཐབས་གཙོ་བོར་བརྩིས་ཏེ། ཀོ་ཁྱིམ་གྲོང་ཚོར“ཀྲི་པུའུ་ཡིས་སྣེ་ཁྲིད་ནས་ཐོན་ལས་གཉེར་བ་དང་། ཧྲུའུ་ཅིས་སྣེ་ཁྲིད་ནས་རྣམ་གྲངས་གཉེར་བ། ཏང་ཡོན་གྱིས་སྣེ་ཁྲིད་ནས་ལས་འགན་སྒྲུབ་པ”བཅས་ཀྱི་ཐོན་ལས་འཕེལ་རྒྱས་གཏོང་སྟངས་གསར་པ་ཁྱབ་གདལ་བཏང་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་བའི་འཇོན་ཐང་མུ་མཐུད་ཆེ་རུ་བཏང་བ་དང་། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཚན་ཁག་ལ་ཁྲིད་སྟོན་བྱས་ནས“ཐོན་ཁུངས་དང་། རྒྱུ་ནོར། མ་དངུལ”བཅས་གཙོ་རྒྱུ་གསུམ་བབ་བསྟུན་ངང་སྤྱད་དེ་ཐོན་ཁུངས་སྔོག་འདོན་དང་། ཡུལ་བབ་དང་བསྟུན་པ། ཐབས་ལམ་འཚོལ་རེས་བཅས་བྱས་ཏེ་ཐོན་ཁུངས་དང་རྒྱུ་ནོར་བེད་སྤྱོད་ཡག་པོ་བཏང་བ་རེད།

    “གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་འབྱུང་འགྱུར་ལ་ཇུས་འགོད་དང་མི་སེར་ལ་ཞབས་འདེགས་ཡག་པོ་ཞུ་བ་ཞིག་རེད། གོམ་སྟབས་རྗེས་མར་བརྗོད་དོན་གཙོ་བོར་དམིགས་ཏེ། ཤང་ཏང་ཨུད་དང་སྲིད་གཞུང་གིས་ད་ཡོད་ཀྱི་རྨང་གཞིར་གཞི་བཙུགས་ནས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་དང་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཁྱད་ལྡན་སྐྱེ་དངོས་འདེབས་འཛུགས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཀྱི་ཆུ་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ། ནུས་ལྡན་གྱི་བྱ་ཐབས་གཅིག་སྡུད་དང་དེ་བས་ཆེ་བའི་སྟོབས་ཤུགས་གཅིག་སྡུད་བཅས་བྱས་ནས་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་ཏན་ཏིག་བསྐྱོད་དེ་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་ཡ་རབས་ལྡན་པ་བཅས་ཡོང་བར་དམིགས་ནས་སྣེ་ཁྲིད་པ་ཡག་པོ་བྱས་ཏེ་སྤུས་ཚད་དེ་བས་མཐོ་བའི་ལྗང་མདོག་གི་ལུང་རིང་དང་། མཛེས་སྡུག་ལྡན་པའི་ལུང་རིང་། གཙང་སྦྲ་དོད་པའི་ལུང་རིང་། ཞི་མཐུན་གྱི་ལུང་རིང་། བདེ་སྐྱིད་ལྡན་པའི་ལུང་རིང་བཅས་བསྐྲུན་རྒྱུ་ཡིན”ཞེས་ལུང་རིང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཤང་ཀྲང་ཡེ་ཤེས་རྡོ་རྗེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།