རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་སྤེལ་འགོ་བཙུགས་ཚུན། ཟངས་རི་རྫོང་གིས“མཐའ་འཁྱོངས་གསུམ”དམ་འཛིན་བྱ་གཞིར་བྱས་ནས། རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་ལས་དོན་ལ་སྐུལ་འདེད་བཏང་བ་རེད།
ཟངས་རི་རྫོང་གིས་དྲིལ་བསྒྲགས་ཁྲིད་སྟོན་དུ་བྱས་ནས་ཞུགས་ཚད་མཐོ་རུ་བཏང་ཞིང་། “དྲ་འཕྲིན་ཟངས་རི”དང“ཟངས་རིའི་མཉམ་འདྲེས་སྨྱན་སྦྱོར”སོགས་ཀྱི་ལས་སྟེགས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་ཁྱེར་གཏོད་པའི་དོན་སྙིང་གལ་ཆེན་དང་གཞི་རྩའི་བླང་བྱ་དྲིལ་བསྒྲགས་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་གླེང་ཕྱོགས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་པ་དང་། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཤེས་རྟོགས་ཐུབ་ཚད་དང་ཞུགས་ཚད་མཐོ་རུ་བཏང་བ་རེད། ཤེས་དཔལ་གྱི་ཁ་ཏ་སློབ་སྟོན་མཐའ་འཁྱོངས་ཀྱིས་ཚུལ་མིན་བྱེད་སྤྱོད་ཡོ་བསྲང་བྱས་ཤིང་། ཤེས་དཔལ་གྱི་ཁ་ཏ་སློབ་སྟོན་བྱས་ཏེ་གློག་དམར་བརྒལ་བ་དང་། སྒྲིག་འགལ་ངང་འགྲོ་ལམ་བཟུང་བ། རླངས་འཁོར་གང་བྱུང་དུ་འཇོག་པ་སོགས་ཚུལ་མིན་བྱེད་སྤྱོད་རྒྱུན་མཐུད་ཡོ་བསྲང་བྱས་པ་རེད། མིག་སྔའི་བར་རིམ་རྩིས་བྱས་ན་ཤེས་དཔལ་གྱི་ཁ་ཏ་སློབ་སྟོན་ཐེངས་25བྱས་ནས་ཚུལ་མིན་གྱི་བྱེད་སྤྱོད་ཐེངས་2000ཡོ་བསྲང་བྱས་པ་དང་། གང་བྱུང་དུ་འཛུགས་སྐྲུན་བྱས་པའི་སྐྲུན་དངོས་རིགས་23གཙང་བཟོ་བྱས་པ། འགྲོ་ལམ་བཟུང་པའི་རིགས་37དང་ཚོང་ཁང་གི་ཕྱིར་ཚོང་གཉེར་བྱེད་པའི་རིགས་54ཐག་གཅོད་བྱས་ཡོད། ཁོར་ཡུག་བཅོས་སྐྱོང་མཐའ་འཁྱོངས་ཀྱིས་གྲོང་ཁྱེར་གྱི་རྣམ་པ་ལེགས་སུ་བཏང་ཞིང་། མིག་སྔའི་བར་ཤིང་འཛུགས་ནགས་བཟོ་མུའུ་200བྱས་ནས་མུའུ་180ཟིན་པའི་བེད་མེད་བྱེ་རྡོ་ར་བ་སླར་ཡང་སྔོ་ལྗང་ཅན་དུ་གྱུར་པ་དང་། དྲིལ་བསྒྲགས་འཕྲེད་འགེལ་ཡི་གེར་གྲལ་བཤེར་བྱས་ནས་སྦྱར་ཡིག་རྙིང་པ་དང་སྦྱར་ཚིག་103བརྗེ་ལེན་བྱས་ཤིང་། གད་སྙིགས་རིགས་དབྱེའི་ས་ཚིགས་35བཙུགས་པ་རེད།