དབུ་ཤོག>ཞིང་འབྲོག་གསར་པ།
  • ཐོན་ལས་དར་ཞིང་ཁོར་ཡུག་མཛེས། གྲོང་གསེབ་དར་རྒྱས་ཨེ་མ་མཚར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-24

    41013ba3-23d4-4886-b297-6d97c7cc3c6e.jpg.jpg

    ལྷ་རི་རྫོང་གྲོང་གི་མཛེས་ལྗོངས།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འཐབ་ཇུས་བཀོད་སྒྲིག་རབ་དང་རིམ་པ་གནང་བ་དང་། སྲིད་ཇུས་དང་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཟོས་གནང་ཡོད། ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གིས་སྐྱེ་ཁམས་ཀྱི་མཐའ་ཚད་ནན་པོར་སྲུང་བ་དང་ཐབས་མང་མཉམ་དུ་སྤྱད་དེ། “རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་མཐོ་ས་ནུས་ཤུགས་ཡོད་རྒུས་འཛུགས་གཏོད་བྱེད་པ་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་པའི”འཐབ་ཇུས་བཀོད་སྒྲིག་ལྟར། སྐྱེ་ཁམས་ཤེས་དཔལ་སྐོར་གྱི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་བྱེད་པ་དང་མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ“གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”ཐུབ་པ་བྱེད་པའི་བྱ་སྤྱོད་དངོས་ལ་བརྩི་བ་དང་། གཙང་པོ་དང་ཆུ་བོ་རྒྱུག་ཁུལ་གལ་ཆེན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོ་བྱེད་ཤུཌ་ཆེ་རུ་ཏན་ཏིག་གཏོང་བ། རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ཡིན་པའི་འདུ་ཤེས་བརྟན་པོ་འཛུཌ་པ་བཅས་བྱས་པས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་མ་ལག་རགས་ཙམ་གྲུབ་ཡོད།

    ཆུ་ཚད་མཐོ་པོས་སྐུལ་འདེད་བཏང་བས་ཁོར་ཡུག་སྤུས་ཚད་དམིགས་ཚད་དུ་བརྟན་པོར་སླེབས་པ།

    སྨི་ཏི་ཁ་འདམ་ར་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་ཉིད་སྐྱིད་ཆུའི་ཆུ་འགོ་ཡིན་པས་ལྷ་རི་རྫོང་གིས་དེར་མཐོང་ཆེན་པོ་བྱས་ཏེ། ཆུ་དཔོན་ལམ་ལུཌ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དང་རིམ་ཁག་ཆུ་དཔོན་དང་གཙང་པོ་སྐོར་ཞིབ་ཀྱི་ལས་དོན་ཧུར་ཐག་སྤེལ་ཏེ་འདམ་ར་སྲུང་སྐྱོང་ལ་ཤུཌ་སྣོན་ཏན་ཏིག་བརྒྱབ་པ་རེད། རིམ་ཁག་ཆུ་དཔོན་གྱིས་རང་འགན་གཙང་སྒྲུབ་ཀྱིས་གཙང་པོ་དང་མཚོ་དོ་དམ་དང་འདམ་ར་སྲུང་སྐྱོང་བྱེད་རིང་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཤེས་རྟོཌ་དང་ཐག་གཅོད་བྱས་ཏེ་གནད་དོན་སྟོན་ཕྱོཌ་སུ་འཛིན་རྒྱུ་མཐའ་འཁྱོངས་དང་། དོན་གཉེར་ལ་བརྟེན་ནས་སྐུལ་འདེད་ལ་དམ་འཛིན། ཕྱོཌ་ཁག་གི་སྟོབས་ཤུཌ་མཐུན་སྦྱོར་བཅས་བྱས་ནས། “ཆུ་དཔོན་གྱིས་སྣེ་ཁྲིད་དེ་སྤྱི་ཡོངས་ལ་དམ་འཛིན་དང་རིམ་པ་བཞིན་དོན་འཁྱོལ་ལ་དམ་འཛིན་བྱེད་པའི”ལས་དོན་གྱི་མཉམ་ཤུགས་ཆཌ་པར་བྱས་པ་རེད།

    “སྲུང་སྐྱོང་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འཕེལ་རྒྱས་ལ་བརྟེན་ནས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བའི”འཕེལ་རྒྱས་ཀྱི་འདུ་ཤེས་ལག་ལེན་བསྟར་ནས་སྐྱིད་ཆུའི་ཆུ་འགོ་སྔར་བས་སྲུང་སྐྱོང་བྱ་ཆེད། སྨི་ཏི་ཁ་འདམ་ར་རང་བྱུང་སྲུང་སྐྱོང་ཁུལ་དུ་ཡོད་པའི་མཚོ་གདོང་གྲོང་ཚོས་གྲོང་གསེབ་དར་རྒྱས་ཀྱི་རླབས་རྒྱུན་འོག་བློ་གྲོས་དང་ནུས་ཤུགས་ཡོད་ཚད་དུས་རྒྱུན་སྣང་མེད་དུ་འཇོག་པའི་ལྕི་བའི་ཐོག་བཞག་པ་རེད། ཤང་ཏང་ཨུད་དང་སྲིད་གཞུང་གིས་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་རྒྱུ་མཐའ་འཁྱོངས་དང་སྐྱེ་ཁམས་དམར་ཐིག་བརྟན་པོར་སྲུང་བའི་སྔོན་འགྲོའི་ཆ་རྐྱེན་འོག སྨི་ཏི་ཁ་ཤང་གི་ལྕི་བའི་འབུད་རྫས་ལས་སྣོན་མཉམ་ལས་ཁང་བཙུགས་པ་རེད།

    མཉམ་ལས་ཁང་བཙུགས་ནས་ལོ་ཕྱེད་མ་སོང་བར་བྲིན་ཚོང་བྱེད་ཚད་ཏུན་3000ཙམ་ཟིན་ཡོད། “2021ལོར་མཉམ་ལས་ཁང་གི་ལྕི་བ་ལས་སྣོན་གྱི་ཡོང་འབབ་བསྡོམས་སྒོར་ཁྲི་56ལྷག་ཙམ་ཟིན་པ་དང་ཁེ་གཙང་སྒོར་ཁྲི་22ལྷག་ཙམ་ཟིན་ཡོད”ཅེས་མཉམ་ལས་ཁང་གི་འགན་འཁུར་བ་དོན་གྲུབ་ཀྱིས་བཤད། ད་ཆ་སྨི་ཏི་ཁ་ཤང་གི་འབྲོག་པའི་མིག་ནང་ལྕི་བ་ནི་འབུད་རྫས་ཁོ་ན་མ་ཡིན་པར་དེ་ནི་ཁོང་ཚོའི་འབབ་འཕར་ཕྱུག་འགྱུར་གྱི“གསེར་གྱི་རིལ་བུ”རེད་ལ། གསར་དུ་རྙེད་པའི་ཁོར་ཡུག་སྲུང་སྐྱོང་གི་ལམ་བུ་ཞིག་ཀྱང་རེད།

    ཕྱོགས་བསྡུས་ཤུགས་སྣོན་བརྒྱབ་པས་ཐོན་སྐྱེད་འཚོ་བ་དེང་རབས་ཅན་དུ་གྱུར་པ།

    ལྷ་རི་རྫོང་གྲོང་དུ་འཆམ་འཆམ་ལ་སྐྱོད་སྐབས་གང་སར་གཙང་སྦྲ་དོད་པ་དང་གཞུང་ལམ་རྒྱ་ཆེ་བ་ཞིག་ཡོད། ལམ་ཟུར་གྱི་གད་གཞོང་ཚང་མར“ཁྱིམ་གཞིས་ལ་བདག་གཅེས། བདེ་སྐྱིད་ལྡན་པའི་ལྷ་རི”ཞེས་པའི་ཡི་གེ་བཀོད་ལ། ལྷ་རི་བ་མི་རེ་ངོ་རེས་ལག་ལེན་དུའང་དེ་ལྟར་འཁྱོལ་བར་བྱེད་ཀྱི་ཡོད།

    “2016ལོར་ང་རང་ཨར་རྩ་གྲོང་རྡལ་དུ་ཡོང་བ་ཡིན། དེ་དུས་འདི་གའི་ཕྱོགས་གང་སར་སྒྲིག་འགལ་ངང་བསྐྲུན་པའི་ཁང་པ་རེད། དགུན་ལྷགས་བརྒྱབ་ཚེ་ལུས་པོ་ཐལ་བས་ཁེངས་ཀྱི་འདུག”ཨར་རྩ་གྲོང་རྡལ་སྒྲིག་ཨུད་ཀྱི་ཧྲུའུ་ཅི་བཀྲ་ཤིས་སྒྲོལ་མས་བཤད། ད་ཆ་གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་བའི་ཆེད་དོན་བཅོས་སྒྲིག་བརྒྱུད་ལྷ་རི་རྫོང་གི་རྣམ་པ་གསར་རྐྱང་དུ་གྱུར་ནས་རྒྱ་ཆེའི་མང་ཚོགས་ལ་དུས་དང་རྣམ་པ་ཀུན་ཏུ་གད་སྙིགས་སྒྲུག་པའི་གོམས་གཤིས་འཇགས་ཏེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བཅོས་སྒྲིག་བྱེད་པའི་སྤྲོ་སེམས་དང་། ཆོད་སེམས། ཡིད་ཆེས་བཅས་ཆེ་རུ་ཕྱིན་པ་དང་སྐྱེ་ཁམས་ཤེས་དཔལ་གྱི་བསམ་བློ་སྔར་བས་བརྟན་དུ་ཕྱིན་ནས། “ཁོར་ཡུག་སྲུང་སྐྱོང་བྱས་ཏེ་སྔོ་ལྗང་རི་ཀླུང་ཆེད་དུ་འབད་པ་དང་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྐྱེ་ཁམས་ལ་གཞོལ”དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང“བསམ་ཇུས་གཅིག”གི་དགོངས་པ་མི་སེམས་སུ་གཏིང་ཟབ་ཟུག་ཡོད།

    རྒྱལ་ལམ་349བརྒྱུད་རླངས་འཁོར་བཏང་ནས་ཤར་ཕྱོགས་སུ་བསྐྱོད་ན། ལྷ་རི་རྫོང་གྲོང་གི་ཤར་ལྷོའི་མཚམས་ཀྱི་དོན་སྒོར་ལྷ་རི་རྫོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་མིག་ལམ་དུ་འཆར་འོང་། ལྷ་རི་རྫོང་གི་བཙོག་ཆུ་གཙང་གསིང་བཟོ་གྲྭ་བསྐྲུན་པ་དེ་ནི་ལྷ་རི་རྫོང་དེང་རབས་ཤེས་དཔལ་གྱི་ཕྱོགས་སུ་བསྐྱོད་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་དང་། སྒྲིག་ཆས་ལ་བརྟེན་ནས་བཙོག་ཆུ་གཙང་གསིང་བྱས་པ་བརྒྱུད་ཆུའི་སྦགས་བཙོག་གི་ཚད་གཞི་ཧ་ཅང་དམའ་རུ་ཕྱིན་ཡོད་པ་རེད།

    ཐོན་ལས་གསུམ་མཉམ་འགུལ་བྱས་པས་མི་སེར་ལ“སྐྱེ་ཁམས་ཀྱི་ཟས”བཟའ་རྒྱུ་བྱུང་བ།

    ཉི་འོད་ཤང་ལྷ་རི་རྫོང་གི་ཤར་རྒྱུད་དུ་གནས་པ་དང་། གནམ་གཤིས་དྲོ་གྲང་སྙོམས་ལ་བརླན་གཤེར་ལྡན་པ་དང་། དུས་བཞིའི་དབྱེ་བ་གསལ་བ། ཆར་ཆུ་འབེལ་བ་བཅས་ཡོད་པས། བོད་ཤར་ལྷོའི་དྲོད་རྒྱུད་དང་ཕྱེད་བརླན་གཤེར་གྱི་ས་མཐོའི་གནམ་གཤིས་ཀྱི་རྒྱུད་དུ་གཏོགས། ཁྱད་དུ་འཕགས་པའི་རང་བྱུང་ཆ་རྐྱེན་ལས་དེ་གའི་ནས་དང་། པད་ཁ། སྲན་མ། ཀུ་ཤུ། ཁམ་བུ་སོགས་ཀྱི་སྐྱེ་འཚར་བཟང་བར་བལྟས་ཚེ། སླར་ཡང་འབྲས་བཟང་སྨིན་པའི་དུས་ཤིག་འཆར་ལ་ཉེ།

    འདི་གའི་ཀུ་ཤུ་གླིང་ཁའི་རྟེན་གཞིར་སྐྱོད་སྐབས་ཀུ་ཤུའི་སྡོང་པོ་1500ལྷག་ཙམ་ལས་གྲུབ་པའི་ཀུ་ཤུ་གླིང་ཁ་མིག་ལམ་དུ་མངོན་ཐུབ། “རྟེན་གཞིའི་ནང་དེང་རབས་ཀྱི་ཆུ་རྐྱལ་ཉམས་ལེན་ཁང་དང་ཁྱད་ལྡན་ཞིང་ཁྱིམ་སྤྲོ་སྐྱིད་ཁང་སོགས་རྟ་སྒ་ཆ་སྒྲིག་གི་སྒྲིག་བཀོད་བསྐྲུན་ཡོད་ལ། ཀུ་ཤུ་འཐུ་བ་དང་། མེ་ཕུང་དགོང་ཚོགས། ཁྱད་ལྡན་བསྲེག་ཟས། གླུ་གར་འཁྲབ་སྟོན་སོགས་སྤྲོ་གསེང་རྣམ་གྲངས་ཀྱང་ཡོད” རྟེན་གཞི་ཟླ་4ཚེས་2ཉིན་ལས་གཉེར་བྱེད་འགོ་ཚུགས་ཚུན་ལས་གཉེར་ཡོང་འབབ་སྒོར་ཁྲི་10བྱུང་ཡོད་ཅེས་ཀུ་ཤུ་གླིང་ཁའི་རྟེན་གཞིའི་འགན་འཁུར་བ་རྡོ་རྗེས་གསར་འགོད་པར་བཤད།

    རྟེན་གཞིའི་ཆུ་འགྲམ་གྱི་ངོགས་སུ་ཀརྨ་གཞིས་ཀ་ཞེས་པའི་དམངས་སྲོལ་གནས་ཚང་ཞིག་ཡོད་པ་དང་། གྲོང་མི་གཡང་འཛོམས་དམངས་སྲོལ་གནས་ཚང་དུ་ལས་ཀ་བྱེད་ཀྱི་ཡོད། ཁོ་མོར་ཟླ་གཅིག་ལ་གླ་ཆ་སྒོར་3000ཡོད་པ་མ་ཟད། ད་དུང་ཁྱིམ་དང་ཐག་ཉེ་པོ་ཡོད་པས་ལས་ཀ་དེར་ཁོ་མོས་བློ་ཡིད་འཚིམ་པོ་བྱེད་ཀྱི་ཡོད།

    ཉི་འོད་ཤང་གིས་ཁྱད་དུ་འཕགས་པའི་རང་བྱུང་ཐོན་ཁུངས་དང་དེ་བཞིན་མཛེས་ལྗོངས་ལ་བརྟེན་པས། ཉི་འོད་ཤང་གི་མི་སེར་ལ་ཡུལ་སྐོར་ཡོང་འབབ་ཧ་ཅང་བཟང་པོ་བྱུང་བ་དང་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་གྱི་ལམ་བུར་སྐྱོད་ཐུབ་པ་བྱུང་སྟེ། “ཡུལ་སྐོར་གྱི་ཟས”ཀྱང་བཟའ་རྒྱུ་བྱུང་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2016ལོ་ནས་2020ལོ་བར་ལྷ་རི་རྫོང་གིས་སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ཁྱོན་བསྡོམས་ཡུལ་སྐོར་བ་མི་ཐེངས་ཁྲི་37ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5397བྱུང་ཡོད། རིམ་རྩིས་བྱས་ན་མི་ཐེངས་30139སྐྱེ་ཁམས་ལས་གནས་ཐོག་བཀོད་སྒྲིག་བྱས་པར་གླ་ཆ་སྒོར་ཁྲི་9957སྤྲད་པ་རེད།

    0b25d26a-01c6-4652-a784-5a3cad0bfc3e.jpg.jpg

    ལྷ་རིའི་མང་ཚོགས་རྟ་རྒྱུག་འགྲན་བསྡུར་ནང་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།