དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་གསུམ་རྫོང་གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་དཔྱད་ཞིབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-22

    ཉེ་ཆར། ཆུ་གསུམ་རྫོང་གིས་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་གདེང་འཇོག་དཔྱད་ཞིབ་བྱས་ནས། གདེང་འཇོག་ལ་བརྟེན་ནས་ལེགས་བཅོས་ལ་སྐུལ་འདེད་གཏོང་བ་དང་། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་གྲུབ་འབྲས་རྒྱུན་མཐུད་བརྟན་དུ་གཏོང་བ། གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་མཐོ་རུ་བཏང་ཏེ་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་རེད།

    ཆུ་གསུམ་རྫོང་གིས་དཔྱད་ཞིབ་འགོ་ཁྲིད་ཚོགས་ཆུང་5བཙུགས་ནས་ཤང(གྲོང་རྡལ)5དང་། སྲིད་འཛིན་གྲོང་ཚོ་21རུ་བསྐྱོད་དེ། 2022ལོའི་དུས་ཚིགས་དང་པོའི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ལྟ་སྐུལ་མཛུབ་ཁྲིད་དང་གདེང་འཇོག་དཔྱད་ཞིབ་བྱས་པ་རེད། དཔྱད་ཞིབ་ཚོགས་ཆུང་གིས“གཙང་བཟོ་བརྒྱད་དང་ལེགས་བཅོས་གཅིག”དམ་འཛིན་བྱ་གཞིར་བྱས་ནས་ས་ཡུལ་དངོས་སུ་ལྟ་ཞིབ་དང་། དཔྱད་ཡིག་ལྟ་བཤེར། མང་ཚོགས་ལ་བཅར་འདྲི་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། རྩ་འཛུགས་དོ་དམ་གྱི་ཆུ་ཚད་དང་། སྲིད་ཇུས་འགན་ལེན་བྱ་ཐབས། གྲོང་ཚོ་གཙང་སྦྲའི་བྱ་སྤྱོད། གྲོང་གསེབ་ཀྱི་གསང་སྤྱོད་གསར་བརྗེ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ། གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་དང་དོ་དམ། གྲོང་ཚོའི་བཀོད་པ་ལེགས་གཏོང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་ནང་དོན་ལ་ཁྱོན་ཡོངས་ནས་གྲལ་བཤེར་བྱས་པ་དང་འབྲེལ། དཔྱད་ཞིབ་བྱེད་རིང་ཤེས་རྟོགས་ཐུབ་པའི་ཞན་ཆ་དང་སྐྱོན་ཆ་དུས་ཐོག་ཏུ་ཚུར་ལན་སྤྲད་དེ། འཕྲལ་སྒྲུབ་འཕྲལ་བཅོས་དང་། ལེགས་བཅོས་གཏིང་ཟབ་དང་མཐར་ཕྱིན་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས། སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཏན་ཏིག་སྤེལ་བར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།