དབུ་ཤོག>ཞིང་འབྲོག་གསར་པ།
  • མགྱོགས་པོ་གཟིགས། བོད་ཀྱིས་སྲིད་ཇུས་དང་མ་དངུལ་འབོར་ཆེན་བཏོན་ནས……

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-06-10

    ཟླ་6ཚེས་8ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས《〈དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱ་ཐབས་སྡེབ་གཅིག〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་ཞིབ་སྲོལ》གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་དང་། རང་སྐྱོང་ལྗོངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་སྲིད་གཞུང་གི་གསར་འགྱུར་མགྲིན་ཚབ་པ་བསྟན་འཛིན་ལྷུན་གྲུབ་ཀྱིས་ལག་བསྟར་ཞིབ་སྲོལ་ངོ་སྤྲོད་ཞིབ་ཕྲ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་རང་ལྗོངས་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱ་ཐབས་སྡེབ་གཅིག་དེ་དུས་འགོར་བཏོན་ཟིན་པའི་སྲིད་ཇུས་དང་འབྲེལ་མཐུད་ནུས་ལྡན་བྱེད་པར་སྣང་ཆེན་བྱས་ནས་མཉམ་ཤུགས་ཆགས་པ་དང་། དམིགས་སའི་རང་བཞིན་ཆེ་བ། ཁྱབ་རྒྱ་ཆེ་བ། མཐུན་སྦྱོར་སྔར་བས་ལེགས་པ་བཅས་ཡོང་བ་བྱས་ཏེ། འཕར་སྣོན་བརྟན་པོར་བརྟེན་ནས་ཁྲོམ་རའི་བྱེད་པོ་དང་། ལས་ཞུགས། དམངས་འཚོ་བཅས་འགན་ལེན་བྱེད་པ་འགོ་འཛུགས་སར་བྱས་ནས། ཚད་གཞི་མཐོ་ཤོས་ཀྱིས་ལག་བསྟར་བྱ་རྒྱུ་མཐའ་འཁྱོངས་བྱས་ཀྱིས་མཁོ་སྤྲོད་ཕྱོགས་གཉིས་ཀ་ནས་ཤུགས་བརྒྱབ་སྟེ་དཔལ་འབྱོར་བརྟན་པོ་ཡོང་བ་བྱེད་རྒྱུ་རེད།

    111.jpg

    བསྟན་འཛིན་ལྷུན་གྲུབ་ཀྱིས་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འཆར་འགོད་བཀོད་སྒྲིག་གཞིར་བཟུང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་བྱ་ཐབས་ཁག་33དང་རེ་རེ་བྱས་ནས་ཞིབ་བསྡུར་བྱས་པ་མ་ཟད། རང་ལྗོངས་ཀྱི་དོན་དངོས་ལ་གཞིགས་ནས་ཤུགས་བརྒྱབ་སྟེ། རང་ལྗོངས་ཀྱིས་ཕྱོགས་6ཐད་ཀྱི་དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱ་ཐབས་ཁག་38ཀྱི་ལག་བསྟར་ཞིབ་སྲོལ་ཞིབ་འཇུག་བྱས་ནས་བཟོས་ཡོད་ཅེས་བརྗོད་པ་དང་། ཁོང་གིས། གཅིག་ནི་ནོར་སྲིད་ཀྱི་སྲིད་ཇུས་དང་། གཉིས་ནི་དངུལ་ལོར་དང་དངུལ་རྩའི་སྲིད་ཇུས། གསུམ་ནི་མ་འཇོག་བརྟན་པོ་ཡོང་བ་བྱས་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་སྲིད་ཇུས། བཞི་ནི་འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱེད་པའི་སྲིད་ཇུས། ལྔ་ནི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་འགན་ལེན་བྱེད་པའི་སྲིད་ཇུས།  དྲུག་ནི་གཞི་རྩའི་དམངས་འཚོ་འགན་ལེན་བྱེད་པའི་སྲིད་ཇུས་བཅས་རེད་ཅེས་ངོ་སྤྲོད་བྱས།

    ཡོངས་བསྒྲགས་བྱས་མ་ཐག་པའི《〈དཔལ་འབྱོར་བརྟན་པོ་ཡོང་བའི་སྲིད་ཇུས་བྱ་ཐབས་སྡེབ་གཅིག་གི་ལག་བསྟར་ཞིབ་སྲོལ》གྱི་ནང་དོན་ཚང་མ་ང་ཚོ་དང་འབྲེལ་བ་ཆེན་པོ་འདུག

    1.ལྷ་སར་རིག་ནུས་ལྕགས་ལམ་གྱི་གློག་འཁོར་གཏོང་རྒྱུ་སྟེ། ལོ་འདིའི་ནང་ལྷ་སར་རིག་ནུས་ལྕགས་ལམ་གྱི་གློག་འཁོར་རྣམ་གྲངས་ཀྱི་ལམ་དུམ་ཐོག་མ་དེ་བསྐྲུན་རྒྱུ་རེད་འདུག

    2.སྒོར་དུང་ཕྱུར་1གི་འཛད་སྤྱོད་འཛིན་ཤོག་སྤྲོད་རྒྱུ་སྟེ། བཟའ་བཏུང་དང་། ཁྱིམ་སྤྱོད་གློག་ཆས། རླངས་འཁོར། བཅོས་སྣུམ། སིལ་འཚོང་ལས་རིགས་སླར་གསོ་དང་འཕེལ་རྒྱས་བཅས་ལ་རྒྱབ་སྐྱོར་བྱེད་རྒྱུ་རེད་འདུག

    3.བུ་བཅོལ་ཁང་96དང་འོས་འགན་སློབ་གསོའི་སློབ་གྲྭ་འབྲིང་ཆུང་58གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱེད་རྒྱུ་རེད་འདུག

    4.མི་ལྔ་ཡི་རྐང་རྩེད་སྤོ་ལོ་ཐང་83གསར་དུ་བསྐྲུན་རྒྱུ་རེད་འདུག

    5.མཚོ་བོད་ལྕགས་ལམ་གློག་རླངས་ཅན་ལ་སྒྱུར་བཀོད་བྱེད་རྒྱུ་སྟེ། ལོ་འདིའི་ནང་ཞིབ་བཤེར་ཆོག་མཆན་ཐོབ་པ་དང་འབྲེལ་ལས་འགོ་འཛུགས་རྒྱུའི་བརྩོན་ལེན་བྱེད་རྒྱུ་རེད་འདུག

    གཤམ་གྱི་རྩ་གཉིས་ཨང་རྟགས་བཤེར་ནས་ཞིབ་ཕྲའི་གནས་ཚུལ་ལ་གཟིགས་རོགས།

    222.jpg

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།