དབུ་ཤོག>ཞིང་འབྲོག་གསར་པ།
  • སྙན་རོང་རྫོང་སྙན་རོང་གྲོང་རྡལ་ཀོ་ཉག་གྲོང་ཚོས་ཐབས་མང་མཉམ་སྤྱོད་ཀྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-10

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་སྙན་རོང་གྲོང་རྡལ་ཀོ་ཉག་གྲོང་ཚོས་ཐབས་མང་མཉམ་སྤྱོད་ཀྱིས་གྲོང་གསེབ་དར་རྒྱས་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྔར་བས་ལེགས་སུ་གཏོང་ཆེད། ཀོ་ཉག་གྲོང་ཚོའི་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གིས་ཉེ་འཁོར་གྲོང་ཚོ་ཨུ་ལྷན་གྱི་མཉམ་ལས་ཁང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པ་རེད། དེ་དང་ཆབས་ཅིག་མང་ཚོགས་གདན་དྲངས་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ལ་བསམ་འཆར་དང་གྲོས་འགོ་འདོན་དུ་བཅུག་སྟེ་མང་ཚོགས་ཀྱི་བསམ་ཚུལ་ཤེས་རྟོགས་བྱས་པ་དང་། མང་ཚོགས་ཀྱི་དགོས་མཁོ་ཁྲིད་སྟོན་དུ་བྱས་ནས་དམིགས་ཚད་ཀྱི་གསལ་ཐོ་དང་། ལས་འགན་གྱི་གསལ་ཐོ། འགན་འཁྲིའི་གསལ་ཐོ་བཅས་བཟོས་ཏེ་ཀོ་ཉག་གྲོང་ཚོའི་མཉམ་ལས་ཁང་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཁ་གསལ་ཏན་ཏིག་བཟོས་པ་རེད།

    སྤྱོད་ཚུལ་འཛུགས་སྐྱོང་དང་ཟུང་འབྲེལ་བྱས་ཏེ་ཀོ་ཉག་གྲོང་ཚོས་ཚོགས་སྲོལ་དང་ཚོགས་འདུའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་རྨང་གཞིའི་ཐོག་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་དང་། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག ཚན་རྩལ་ཆེད་བསྐོས་ལས་བྱེད་པ། དུད་སྦྲེལ་སྤྱི་མི། ཁོར་ཡུག་གཙང་སྦྲ་བ། སྐྱེ་ཁམས་ལས་གནས་བཅས་ལ་ཟླ་རེར་དཔྱད་ཞིབ་བྱས་ནས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་བློ་མཐུན་ཚང་མས་རང་གཅུན་ནན་པོ་དང་རང་དཔེ་གཞན་སྟོན་ཐུབ་པའི་འགན་ལེན་བྱས་པ་རེད།

    གྲོང་གསེབ་དར་རྒྱས་གཏོང་བའི་ཁྲོད་རིག་གནས་དར་རྒྱས་ཀྱིས་ནུས་པ་ཧ་ཅང་ཆེན་པོ་འདོན་གྱི་ཡོད་པ་དང་དུས་མཚུངས་གྲོང་གསེབ་ཀྱི་རིག་གནས་དར་རྒྱས་གཏོང་བར་སྐུལ་འདེད་གཏོང་བའི་གཙོ་ཤུགས་དམག་ཀྱང་རེད། ཀོ་ཉག་གྲོང་ཚོའི་རིག་རྩལ་རུ་ཁག་གི་རུ་མི་16གིས་ལས་གཏོད་ལས་ཞུགས་དང་། སྡོད་མལ་ཁོར་ཡུག་ལེགས་གཏོང་། བསམ་པའི་དཔལ་ཡོན་སྲོལ་གཏོད་སོགས་ཀྱི་བརྗོད་དོན་གཙོ་བོར་དམིགས་ནས། གོང་རིམ་གྱི་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ་ཟམ་མི་ཆད་པར་ཆེ་རུ་འགྲོ་བའི་རྒྱ་ཆེའི་མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུར་གཞོལ་བ་དང་། རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་ཧུར་ཐག་རྒྱག་པ། གྲོང་ཚོའི་རིག་རྩལ་བྱེད་སྒོའི་ཁྲོད་གསར་གཏོད་ཀྱི་ནུས་པ་དང་དྲིལ་བསྒྲགས་ཀྱི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་ཆེད་བསམ་བློའི་འགན་ལེན་དང་བསམ་པའི་སྒུལ་ཤུགས་གལ་ཆེན་མཁོ་འདོན་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།