དབུ་ཤོག>ཞིང་འབྲོག་གསར་པ།
  • རྒན་ཡོལ་ཞུས་པའི་ལས་བྱེད་པ་ཚོར་གཏམ་བཟང་ཞིག་འདུག

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-05-30

    ཉེ་ཆར། མི་སྤྱི་པུའུ་དང་ནོར་སྲིད་པུའུ་ཡིས《2022ལོར་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་སྤར་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཞིང་། 2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་། 2021ལོའི་ལོ་མཇུག་གོང་གཏན་འབེབས་ལྟར་རྒན་ཡོལ་གྱི་འགྲོ་ལུགས་གཉེར་ཟིན་པ་མ་ཟད། ཟླ་རེ་བཞིན་གཞི་རྩའི་རྒན་གསོའི་དངུལ་ལེན་བཞིན་པའི་ཁེ་ལས་དང་། ལས་ཁུངས་དང་བྱ་གཞག་ཚན་པའི་རྒན་ཡོལ་ཞུ་མཁན་གྱི་གཞི་རྩའི་རྒན་གསོའི་དངུལ་སྤར་རྒྱུ་ཡིན་ཞིང་། སྤྱི་ཡོངས་ནས་སྤོར་བའི་ཚད་གཞི་ནི་2021ལོའི་རྒན་ཡོལ་ཞུ་མཁན་གྱི་ཟླ་རེའི་མི་རེའི་ཆ་སྙོམས་ཀྱི་གཞི་རྩའི་རྒན་གསོའི་དངུལ་གྱི་4%རེད་ཅེས་ཁ་གསལ་བཏོན་ཡོད།  

    ད་ཐེངས་ཀྱི་རྒན་གསོའི་དངུལ་སྤོར་སྐབས། བཅད་གྲངས་ལེགས་སྒྲིག་དང་། འབྲེལ་མཐུད་ལེགས་སྒྲིག འོས་འཚམ་གཟིགས་སྐྱོང་བཅས་ཕན་ཚུན་ཟུང་འབྲེལ་ལེགས་སྒྲིག་བྱ་ཐབས་མུ་མཐུད་སྤྱོད་རྒྱུ་ཡིན་ཞིང་། བཅད་གྲངས་ལེགས་སྒྲིག་ལས་སྤྱི་ཚོགས་ཀྱི་དྲང་གཞག་མངོན་པ་དང་ས་ཁུལ་གཅིག་གི་རྒན་ཡོལ་ཞུ་མཁན་སྣ་ཚོགས་རྒན་གསོའི་དངུལ་སྤོར་བའི་ཚད་གཞི་གཅིག་མཚུངས་ཡིན་པ་དང་། འབྲེལ་མཐུད་ལེགས་སྒྲིག་ལས“མང་པོ་འཇལ་ན་མང་པོ་ལེན་རྒྱུ་ཡོད་པ”དང“ཡུན་རིང་འཇལ་ན་མང་པོ་ལེན་རྒྱུ་ཡོད་པའི”ལྕག་སྐུལ་ལམ་སྲོལ་མངོན་པ་དང་། ལས་ཀར་འགྲོ་སྐབས་གྲོན་དངུལ་མང་ཙམ་འཇལ་བ་དང་ཡུན་རིང་ཙམ་འཇལ་མཁན་ཚོར་རྒན་གསོའི་དངུལ་མང་བ་ཡོད་པ། འོས་འཚམ་གཟིགས་སྐྱོང་ལས་གཙོ་གནད་བྱམས་སྐྱོང་མངོན་ཞིང་། ལོ་ན་མཐོ་བའི་རྒན་ཡོལ་ཞུ་མཁན་དཀའ་ཚེགས་ཆེ་བའི་ཐག་རིང་ལུང་ཁུག་ས་ཁུལ་གྱི་རྒན་ཡོལ་ཞུ་མཁན་སོགས་ཀྱི་ཚོགས་སྤྱིར་གཙོ་གནད་ཐོག་ལྟ་རྟོག་བྱས་ཡོད་པ་རེད།     

    བརྡ་ཐོའི་ནང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་ཀྱིས་ས་ཁུལ་དེ་གའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིབ་ཕྲའི་ལག་བསྟར་ཇུས་གཞི་བཟོ་བ་དང་དུས་ཚོད་དམ་འཛིན་གྱིས་སྒྲིག་འཛུགས་དང་ལག་བསྟར་བྱས་ནས། ལེགས་སྒྲིག་བྱས་ཏེ་སྤར་བའི་གཞི་རྩའི་རྒན་གསོའི་དངུལ་གང་མགྱོགས་རྒན་ཡོལ་ཞུ་མཁན་ལ་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།