དབུ་ཤོག>ཞིང་འབྲོག་གསར་པ།
  • གསོ་ཚགས་ཐོན་ལས་རྒྱ་སྟོབས་ཆེ། ཕྱུག་འགྱུར་ལམ་བུ་སྔར་བས་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-29

    ལྷ་རི་རྫོང་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིར་སྐྱོད་སྐབས་གསར་འགོད་པར་ལྷག་ཆེན་འཕྲད་བྱུང་། ཁོང་དང་ལྷན་དུ་ད་ལྟའི་འཚོ་བའི་སྐོར་གླེང་སྐབས་ལྷག་ཆེན་གྱིས“སྔོན་ཆད་འཚོ་བའི་ཐད་དཀའ་ངལ་ཆེ་ཙམ་ཡོད་ལ་འགན་ལེན་གང་ཡང་མེད། ད་ཆ་ཀུང་སིར་ལས་ཀར་བསྐྱོད་པས་གླ་ཆ་ཡོད་པ་མ་ཟད་ལོ་མཇུག་ཏུ་བྱ་དགའ་ཡང་ལེན་རྒྱུ་ཡོད་པ་ཕུད། ཀུང་སིས་ད་དུང་ངར་འགན་བཅོལ་ཁག་ལྔ་ཉོས་པས་འཚོ་བའི་ཐད་འགན་ལེན་ཡོད་པ་དང་འཚོ་བ་ཇེ་ལེགས་སུ་ཕྱིན་པ་མ་ཟད་རེ་བས་ཀྱང་ཁེངས་སོང”ཞེས་དགའ་ཚོར་ཆེན་པོས་བཤད།

    ལོ་58ལ་སླེབས་པའི་ལྷག་ཆེན་གྱིས་ལོ་མང་གོང་ནས་ཉང་གཡག་གསོ་ཚགས་བྱེད་པ་དང་། བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་རྗེས་ཁོང་ཀུང་སིར་ལས་ཀར་བསྐྱོད་ནས་གཙོ་བོ་ཡ་རུར་ལྟོ་སྟེར་བ་དང་འབྲི་གཡག་གི་ནད་ཡམས་སྔོན་འགོག་བྱེད་པ་སོགས་ཀྱི་ལས་འགན་འཁུར་གྱི་ཡོད། 2021ལོར་ལྷག་ཆེན་ཁྱིམ་ཚང་གི་ཡོང་འབབ་སྒོར་ཁྲི་10ལས་བརྒལ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལྷ་རི་རྫོང་གིས་ཉང་གཡག་རྒྱུད་བཟང་གི་ལེགས་ཆར་བརྟེན་ནས། སྔོན་ཆད་ཀྱི་འབྲོག་ར་དང“མགོ་གྲངས་ཆིག་སྟོང་དང་མུའུ་ཁྲིའི”གསོ་ཚགས་རྟེན་གཞིའི་རྨང་གཞིའི་ཐོག་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་པ་རེད། ཀུང་སི་དེས“ཀུང་སི་དང་། རྟེན་གཞི།མཉམ་ལས་རྩ་འཛུགས། འབྲོག་དུད་བཅས་ཟུང་འབྲེལ”བྱེད་ཐབས་སྤྱད་དེ་ཤང་དང་གྲོང་རྡལ་ཁག་ཏུ“གྲོང་ཚོ་རེ་ལ་མཉམ་ལས་ཁང་རེའི”མཉམ་ལས་རྩ་འཛུགས་ཀྱི་ཁེ་ཕན་མཉམ་འབྲེལ་ཐུབ་ནས་རྫོང་ཡོངས་ཀྱི་འབྲོག་ལས་ཐོན་ལས་འཁོར་འབྲེལ་རིམ་སྤོར་ལ་སྐུལ་འདེད་བཏང་ཡོད།

    མིག་སྔའི་བར་ཀུང་སི་དེར་ལག་ཡོད་འབྲི་གཡག་མགོ་གྲངས་1059ཟིན་ནས་ཞིང་འབྲོག་པའི་མཉམ་ལས་རྩ་འཛུགས་49དང་འབྲོག་དུད་2138ལ་སྐུལ་ཁྲིད་ཐུབ་ཡོད། 2021ལོར་ཀུང་སི་དེར་རིམ་རྩིས་བྱས་ན་སྤྱིའི་ཡོངས་འབབ་སྒོར་ཁྲི་901.49བྱུང་ཡོད་པ་རེད།

    འབྲི་གཡག་ཐོན་ལས་སྔར་ལས་རྒྱ་སྟོབས་ཆེ་རུ་བཏང་སྟེ་ཉང་གཡག་ལྷ་རི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་ཐུབ་པའི་སྒུལ་ཤུགས་གལ་ཆེན་དང་། ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ལམ་དུ་སྐྱོད་པའི“ལས་རོགས་བཟང་པོ”ཞིག་ཏུ་འགྱུར་ཆེད། རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས“ཕྱིར་སྐྱོད་པའི”འཕེལ་རྒྱས་ཀྱི་འཐབ་ཇུས་ལག་ལེན་ཧུར་ཐག་བསྟར་ནས། ས་ཁམས་མཚོན་རྟགས་དང་། སྲུང་སྐྱོང་ཁུལ། ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ལྟེ་གནས་སོགས་སྐྲུན་པའི་སྙན་སེང་ཕུལ་བ་བརྒྱུད། ལྗོངས་ཕྱི་ནང་དུ་ཉང་གཡག་འབྲོག་ལས་ཐོན་རྫས་ཀྱི་སྤུས་རྟགས་སྐད་གྲགས་ཆོད་ཚད་དང་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་ཨོ་རྒྱན་ཚེ་རིང་གིས་གསར་འགོད་པར“མིག་སྔར་ང་ཚོས་གསོ་ཚགས་བྱས་པའི་འབྲི་གཡག་དག་སོ་བཞི་དང་སོ་དྲུག་ཏུ་སླེབས་སྐབས་བཤས་གཏོང་ཆོག་པས་འཚར་སྐྱེས་དུས་འཁོར་ཐུང་དུ་ཕྱིན་པ་དང་། རྒྱུད་བཟང་ར་བའི་འབྲི་90%ཡིས་གཞི་རྩའི་ཆ་ནས‘ལོ་གཅིག་ལ་བེའུ་རེ་སྐྱེ’ཐུབ་པ། སྤུས་ལེགས་བཞོན་མ་ནས་འོ་མ་བཞོ་ཐེངས་གཅིག་ལ་རྒྱ་མ་6.8ཟིན་གྱི་ཡོད”ཅེས་བཤད།

    ད་ཆ་ཉང་གཡག་ནི་ལྷ་རིའི་འབྲོག་ལས་འཕེལ་རྒྱས་ལ་རམ་འདེགས་བྱེད་པའི“གསེར་གྱི་ལྡེ་མིག”ལྟ་བུར་གྱུར་ཡོད་ལ། དེང་རབས་འབྲོག་ལས་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་མང་ཚོགས་དེ་བས་མང་བའི་འབབ་འཕར་ལ་སྐུལ་ཁྲིད་ཡང་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།