དབུ་ཤོག>ཞིང་འབྲོག་གསར་པ།
  • འབད་འཐབ་ལ་བརྟེན་ནས་ལང་ཚོའི་རིན་ཐང་མངོན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-21

    “ལས་ཀར་ཞུགས་རྗེས་ངའི་མི་ཚེའི་ངོ་མཚར་ཆེ་ཤོས་ཀྱི་གནས་ཚུལ་དག་གནས་ཆུང་དུ་ཐོན་སོང་། གནས་ཆུང་གི་ས་གཞི་དེ་དང་སྟོད་ལུང་གི་རིམ་ཁག་འགོ་ཁྲིད་ཀྱིས་ང་རང་གསོ་སྐྱོང་བྱས་པ་མ་ཟད། ངས་ཀྱང་ས་གཞི་དེའི་ཐོག་ལང་ཚོའི་རིན་ཐང་མངོན་པར་བྱས་པ་ཡིན”ཞེས་གནས་ཆུང་ཁྲོམ་གཞུང་དུ་ལས་ཀ་བྱས་ནས་ལོ་བརྒྱད་སོང་བའི་གཞི་རིམ་གྱི་ལས་བྱེད་པ་པ་སངས་བཀྲ་ཤིས་ཀྱིས་བློ་རྩ་བརྟན་པོས་བཤད།

    བྱིས་དུས་སུ་བྱིས་པའི་སྦྲིད་ནད་ཕོག་པས་པ་སངས་བཀྲ་ཤིས་ཀྱི་གཟུགས་པོ་རིང་པོ་མེད་ལ་སྟོད་སྒལ་ཡང་སྒུར་ཙམ་ཡོད། འོན་ཀྱང་ཁོང་ནི་སྤྲོ་སྣང་ཆེ་ལ་སེམས་རྩ་འཁོལ་བའི་མི་ཞིག་རེད། ལོ་བརྒྱད་རིང་ཁོང་གིས་གཞི་རིམ་དུ་ལས་གནས་བརྟན་སྲུང་དང་འཐབ་ས་དང་པོར་ལས་ཀ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་གཞི་རིམ་ལས་བྱེད་པ་ཞིག་གི་འབད་འཐབ་ལོ་རྒྱུས་ལ་གསལ་འགྲེལ་བྱས།

    2014ལོར་པ་སངས་བཀྲ་ཤིས་ལྷ་ས་གྲོང་ཁྱེར་གྱི་གཞི་རིམ་བྱ་གཞག་ཚན་པར་རྒྱུགས་འཕྲོད་ནས་སྟོད་ལུང་བདེ་ཆེན་ཆུས་གནས་ཆུང་ཁྲོམ་གཞུང་དོན་གཅོད་ཁྲུའུ་རུ་ལས་བགོས་བརྒྱབ། ལས་ཀར་ཞུགས་མ་ཐག་གི་ཞིང་འབྲོག་ཆེད་ལས་ལས་བྱེད་པ་ཞིག་ནས་ཕྱོགས་བསྡུས་བཅོས་སྐྱོང་གི་ཆེད་ལས་ལས་བྱེད་པ་དང་མི་སྤྱི་འགན་སྲུང་གི་ཆེད་བསྐོས་ལས་བྱེད་པ་སོགས་བར། ལོ་བརྒྱད་ནང་ལས་གནས་ཁག་9རུ་སྦྱོང་བརྡར་བྱས།

    མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་སྐོང་བ། མང་ཚོགས་ཀྱི་དཀའ་གནད་བསལ་བ་བཅས་བྱས་པས་པ་སངས་བཀྲ་ཤིས་ཀྱི་བབ་བརླིང་ཆེ་བའི་ལས་སྒྲུབ་རྣམ་འགྱུར་ལ་གནས་ཆུང་ཁྲོམ་གཞུང་གི་གྲོང་མིའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད།

    རྒྱུན་དུ་མང་ཚོགས་ཚོས་ལས་བྲེལ་ཆེ་བའི་པ་སངས་བཀྲ་ཤིས་མཐོང་སྐབས་ཁོང་ལ་མཐེ་བོང་བསྒྲེངས་ནས་བྱམས་བརྩེའི་ངང“པ་ཤིས་ལགས”ཞེས་འབོད་ཀྱི་ཡོད། ཁོང་ལ་ད་དུང་རང་སྐྱོང་ལྗོངས་རིམ་པའི“སྔོན་ཐོན་གྲོང་ཚོར་བཅའ་སྡོད་ལས་དོན་རུ་མིའི”གཟི་བརྗིད་མཚན་སྙན་ཡང་ཐོབ་ཡོད།

    གསར་འགོད་པས་ཁྱེད་ཀྱི་གཟུགས་པོ་ཆུང་ཡང་བློ་སྟོབས་དེ་འདྲ་ཆེ་བའི་རྒྱུ་མཚན་ཅི་ཡིན་པའི་སྐོར་འདྲི་སྐབས། པ་ཤིས་ཀྱིས“ངའི་ཕ་མ་གཉིས་གཞི་རིམ་དུ་ལས་ཀ་བྱས་ནས་ལོ་30ལྷག་ཙམ་འགྲོ་གི་འདུག ང་ཚོའི་ཁྱིམ་ཚང་ནི་ཏང་ཡོན་གྱི་ཁྱིམ་ཚང་ཞིག་ཡིན་པས་ཕ་མས་ཆུང་དུས་ནས་ང་ལ་དྲིན་ཚོར་བ་དང་སྤྱི་ཚོགས་ལ་ཕན་པའི་མི་ཞིག་བྱེད་དགོས་པའི་སློབ་གསོ་རྒྱག་གི་ཡོད། ངའི་ལུས་པོ་ཐང་པོ་མེད་ཀྱང་རྩ་འཛུགས་ཀྱིས་ང་རང་དབྱུགས་མ་བཞག་པར་ང་ལ་ལས་སྟེགས་ཡག་པོ་འདི་འདྲ་ཞིག་སྤྲད་བྱུང་བས་ངས་ལས་ཀ་ཡག་པོ་བསྒྲུབས་ཏེ་ནང་མི་དང་། མང་ཚོགས། ད་དུང་ལས་ཀ་བཅས་ཀྱི་རེ་བ་ཆུད་ཟོས་སུ་གཏོང་གི་མིན། མ་ཟད་ངས་ལས་ཁུངས་རང་ཁྱིམ་དུ་བརྩི་ཡི་ཡོད། ལས་ཁུངས་ཀྱི་ཁྱིམ་ཚང་ཆེན་པོ་དེའི་ནང་ང་རང་གི་ལས་གཅེས་ལས་བཀུར་གྱི་ལས་ཀའི་སྙིང་སྟོབས་སྔར་བས་བརྟན་དུ་ཕྱིན་སོང”ཞེས་བཤད།

    སླད་ཕྱིན་པ་སངས་བཀྲ་ཤིས་ཀྱིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཏེ་ཁྱིམ་སྲོལ་བཟང་པོ་དང་བསླབ་བྱ་བཟང་པོ་རྒྱུན་འཛིན་བྱེད་པ་དང་། གནོང་འགྱོད་མེད་པའི་འབད་འཐབ་དང་གནོང་འགྱོད་མེད་པའི་ལེགས་སྐྱེས་ཕུལ་ནས་ལང་ཚོའི་གཏམ་རྒྱུད་མི་འདྲ་བ་མུ་མཐུད་རྩོམ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།