དབུ་ཤོག>ཞིང་འབྲོག་གསར་པ།
  • སེམས་རྩ་འཁོལ་བའི་རོགས་སྐྱོར་དང་ཐུགས་ཁུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-21

    “ང་ལ་ལྷ་སར་སྤུན་མཆེད་གཅིག་ཀྱང་མེད། ཀླུ་སྒུག་སྡེ་ཁུལ་དེ་ངའི་ཁྱིམ་ཚང་ཡིན་ལ། སྡེ་ཁུལ་གྱི་ལས་དོན་མི་སྣ་་ངའི་གཉེན་ཉེ་ཡིན། ཀླུ་སྒུག་སྡེ་ཁུལ་དུ་སྡོད་པའི་ལོ་བཅུ་གྲངས་རིང་། ངས་ཁྱིམ་ཚང་ལྟ་བུའི་དྲོ་སྐྱིད་དང་གཉེན་ཉེ་ལྟ་བུའི་བྱམས་སྐྱོང་ཟབ་མོ་ཚོར་བྱུང་། དགོངས་པ་མ་ཚོམ། ང་སྨན་ཁང་དུ་ལུས་ནས་ཁྱེད་ཚོར་རྙོག་དྲ་ཆེན་པོ་བཟོས་སོང”ཞེས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་ལུས་པའི་ཀླུ་སྒུག་སྡེ་ཁུལ་གྱི་ལོ་89ལ་སླེབས་པའི་མི་ཧྲེང་རྒན་རྒོན་དཔལ་བཟང་གིས་སྡེ་ཁུལ་ལས་དོན་མི་སྣའི་ལག་ནས་དམ་པོར་འཇུས་ཏེ་བཤད།

    བགྲེས་སོང་ཁོང་ལ་ཕྲུ་གུ་མེད་པ་དང་བཟའ་ཟླ་འདས་པོ་ཀླུ་སྒུག་སྡེ་ཁུལ་གྱི་གྲོང་མི་ཡིན་པ་དང་བཟའ་ཟླ་གྲོངས་རྗེས་ཁྱིམ་དུ་ཁོང་གཅིག་པུར་ལུས། བགྲེས་སོང་གི་ཐེམ་ཐོ་ཆབ་མདོ་ནས་ཡིན་པའི་དབང་གིས་ལྷ་སར་སྤྱི་ཚོགས་འགན་སྲུང་ནང་ཞུགས་ཐབས་བྲལ་བ་དང་བཟའ་ཟླ་གྲོངས་རྗེས་ཆགས་ས་བརྟེན་ས་མེད་པར་གྱུར། ཕྱིས་སུ་བགྲེས་སོང་གིས་སྡེ་ཁུལ་གྲོང་མི་ཨུ་ལྷན་དུ་རོགས་པ་གནང་རོགས་ཞུས། གྲོང་ལྷན་གྱིས་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱས་རྗེས་དམིགས་བསལ་བྱ་བ་དམིགས་བསལ་བསྒྲུབས་ནས་རྒན་རྒོན་ལ་ཁང་པ་སྤྲད་པ་མ་ཟད། སྡེ་ཁུལ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་ཟླ་རེར་མི་རེའི་གླ་ཆ་ནས་བགྲེས་སོང་ལ་འཚོ་བའི་གྲོན་དངུལ་སྤྲོད་རྒྱུའི་ཐག་བཅད། ལོ་བཅུ་གྲངས་ནང་བགྲེས་སོང་གི་གློག་རིན་དང་། སོལ་རླངས་ཀྱི་རིན་པ། སྨན་རིན་སོགས་ཚང་མ་སྡེ་ཁུལ་གྲོང་ལྷན་གྱིས་ཐག་གཅོད་བྱས་པ་མ་ཟད། གྲོང་ལྷན་གྱིས་ད་དུང་བགྲེས་སོང་ལ་ལྟོ་ཆས་བཟོ་རོགས་དང་། སྨན་ཁང་དུ་ཁྲིད་རོགས། གད་འཕྱིས་རྒྱག་རོགས་སོགས་བྱེད་ཀྱི་ཡོད།

    ཉེ་ཆར། སྡེ་ཁུལ་གྱི་ལས་དོན་མི་སྣས་བགྲེས་སོང་ལ་ལྟ་བར་སྐྱོད་སྐབས་བགྲེས་སོང་གི་རྐང་པ་ན་ནས་སྒུལ་སྐྱོད་བྱེད་ཐབས་མེད་པ་ཤེས་རྗེས་སྨན་ཁང་དུ་ཁྲིད་ནས་སྨན་པ་བསྟེན་རོགས་བྱས། སྨན་པས་བརྟག་དཔྱད་བྱས་པ་བརྒྱུད་ཁོང་གི་རྐང་རུས་གཡས་པ་ཆག་པ་ཤེས་ནས་སྨན་པས་འཕྲལ་དུ་སྨན་ཁང་དུ་བསྡད་ནས་གཤག་བཅོས་བྱེད་དགོས་ཚུལ་བཤད། བགྲེས་སོང་གིས་སྨན་རིན་སྤྲོད་མི་ཐུབ་པའི་རྐྱེན་གྱིས་སྨན་ཁང་དུ་སྡོད་འདོད་མི་བྱེད་པར། ལས་དོན་མི་སྣའི་ལག་ནས་འཇུས་ཏེ“ང་ནང་ལ་ལོག་ནས་ངལ་གསོ་བརྒྱབ་ན་འགྲིག ང་སྨན་ཁང་དུ་སྡོད་ཀྱི་མིན་ལ་ཁྱེད་ཚོར་རྙོག་དྲ་བཟོ་འདོད་མི་འདུག”ཅེས་ཤོད་སྐབས་སྡེ་ཁུལ་ལས་དོན་མི་སྣས་བགྲེས་སོང་ལ་སེམས་གསོ་བཏང་ནས“ཁྱེད་རང་སྨན་ཁང་དུ་སྨན་བཅོས་ཡག་པོ་གྱིས་ཤིག སྨན་རིན་ཚང་མ་སྡེ་ཁུལ་ནས་སྤྲད་ཆོག་ལ་མི་སྣ་བཀོད་སྒྲིག་བྱས་ནས་ཁྱེད་ལ་ལྟ་རྟོག་བྱས་ཆོག ཁྱེད་རང་བློ་བདེ་པོ་གྱིས་ཤིག”ཅེས་བཤད་པས་སྨན་ཁང་དུ་སྡོད་རྒྱུའི་བློ་ཐག་བཅད།

    ཀླུ་སྒུག་སྡེ་ཁུལ་གྲོང་ལྷན་གྱི་ལས་དོན་མི་སྣའི་ལྟ་རྟོག་འོག་བགྲེས་སོང་དྲག་སྐྱེད་བྱུང་ནས་སྨན་ཁང་ནས་དོན་ཏེ། ད་ཆ་ཁྱིམ་དུ་ངལ་གསོ་རྒྱག་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།