དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-18

    ཚེས་16ཉིན་གྱི་སྔ་དྲོར་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་ཚོགས་འདུ་འཚོགས་ཏེ། 2021ལོའི་ལས་དོན་ལ་ཕྱོགས་སྡོམ་དང་། དུས་བབ་དང་ལས་འགན་དབྱེ་ཞིབ། གོམ་སྟབས་རྗེས་མའི་ལས་དོན་བཀོད་སྒྲིག་བཅས་བྱས་པ་རེད།

    རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྒྱལ་མཚན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་ཀྱང་གནང་བ་རེད།

    ཚོགས་འདུའི་ཐོག་2021ལོར་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་བརྟན་པོའི་ངང་བར་བརྒལ་བྱས་པ་དང་། འབྲེལ་མཐུད་བྱེད་ཐབས་ཀྱི་ཕན་འབྲས་ཐོན་ཏེ། དབུལ་པོ་བསྐྱར་ལོག་སྔོན་འགོག་གི་མཐའ་ཚད་བརྟན་པོ་བསྲུངས་ནས་ལོ་ཧྲིལ་པོར་དབུལ་པོ་བསྐྱར་ལོག་གི་ཉེན་ཁ་ལྡན་པའི་དུད་ཚང་4530ཡི་མི་18874གཙང་སེལ་བྱས་པ་དང་། དབུལ་སྒྲོལ་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་12085ཟིན་ནས་རྒྱལ་ཡོངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་གྲངས་0.82མཐོ་བ་ཡོད་པ་དང་། རྒྱལ་ཡོངས་ཀྱི་2021ལོའི་དཔྱད་ཞིབ་ཚོད་སྐོར་ལ"ཕྱོགས་བསྡུས་གདེང་འཇོག་ཡག་པོ"ཐོབ་ནས་ལྗོངས་ཡོངས་སུ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བའི་འགོ་ཡག་པོ་ཞིག་བཙུགས་ཡོད་ཅེས་བཏོན་པ་རེད།

    ཚོགས་འདུའི་ཐོག་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང"ཞིང་གསུམ"ལས་དོན་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། འགན་འཁྲི་འཁུར་སེམས་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན། དམིགས་ཚད་ལས་འགན་ལ་དམིགས་པ། འཇུག་སྒོ་དང་ཤུགས་རྒྱག་སར་དམ་འཛིན་བཅས་བྱེད་དགོས་པ་དང་གྲུབ་འབྲས་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་ལ་དམ་འཛིན། དར་རྒྱས་ལ་སྐུལ་འདེད་གཏོང་བ། རྣམ་པ་གསར་པ་གཏོད་པ། བྱས་རྗེས་གསར་པ་འཇོག་པ་བཅས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།