དབུ་ཤོག>ཞིང་འབྲོག་གསར་པ།
  • ཟོག་འགྲེམས་མགྱོགས་ལ་མྱུར། ཕྱུག་འགྱུར་ལམ་བུ་ཡངས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-15

    རྒྱལ་ལམ་214བརྒྱུད་རླངས་འཁོར་བཏང་ནས་བོད་ཤར(སི་ཁྲོན་དང་། ཡུན་ནན། བོད་ལྗོངས)གྱི་ཞིང་ལས་ཐོན་རྫས་ཕྱོགས་བསྡུས་ཟོག་འགྲེམས་ས་ཚུགས་སུ་སྐྱོད་སྐབས། གནམ་སྔོན་པོ་དང་སྤྲིན་དཀར་པོའི་འོག་ཟོག་འགྲེམས་མཛོད་ཁང་ཞིག་ཡོད་པ་དང་དེའི་ངོས་སུ“ཟོག་འགྲེམས་ཀྱི་མ་གནས་དམའ་རུ་བཏང་སྟེ་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད”ཅེས་པའི་སྦྱར་ཡིག་དེ་མིག་ལམ་དུ་ལྷམ་མེར་མངོན།

    ས་ཁྱོན་མུའུ་100ཟིན་པའི་བོད་ཤར(སི་ཁྲོན་དང་། ཡུན་ནན། བོད་ལྗོངས)གྱི་ཞིང་ལས་ཐོན་རྫས་ཕྱོཌ་བསྡུས་ཟོག་འགྲེམས་ས་ཚུགས་དེ་2021ལོའི་ཟླ་6པའི་ཟླ་འགོར་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་ཚུཌ་པ་དང་། དེའི་ནང་ཟོག་འགྲེམས་གྲངས་གཞི་ཆེ་མོ་དང་། རིག་ལྡན་སྤྲིན་མཛོད། ཟོག་འགྲེམས་ཁག་བགོས། གྲང་ཕྲེང་སོས་པ་སོགས་ཀྱི་ཕྱོགས་བསྡུས་ཟོག་འགྲེམས་ཞབས་ཞུ་ཚུད་ཡོད། མིག་སྔར་ཟོག་འགྲེམས་ས་ཚུགས་དེའི་ཚད་གཞི་མཐོ་བའི་གསོག་ཉར་རྣམ་གྲངས་འཛུགས་སྐྲུན་ལས་མཇུག་འགྲིལ་བ་དང་། རྣམ་གྲངས་དུས་ཐེངས་གཉིས་པ་2021ལོའི་ཟླ་10པར་ཕྱོགས་ཡོངས་ནས་འགོ་ཚུགས་ཏེ། གཞུང་ལས་ཐོག་ཁང་མཛེས་བཟོ་དང་གྲངས་གཞི་ཆེ་མོའི་ལྟེ་གནས་འཛུགས་སྐྲུན་དུས་ཚོད་དམ་འཛིན་གྱིས་ཨར་ལས་བྱེད་བཞིན་ཡོད་པ་རེད།

    2018ལོའི་ལོ་འགོར། སྨར་ཁམས་རྫོང་གིས་སྨར་ཁམས་དེ་ཉིད“བོད་ཀྱི་ཟོག་འགྲེམས་ཀྱི་ཟམ་སྣེའི་བཙན་རྫོང”དུ་བསྐྲུན་རྒྱུའི་དམིགས་ཚད་བཏོན་ཏེ། བོད་ཤར(སི་ཁྲོན་དང་། ཡུན་ནན། བོད་ལྗོངས)གྱི་ཞིང་ལས་ཐོན་རྫས་ཕྱོགས་བསྡུས་ཟོག་འགྲེམས་ས་ཚུགས་བསྐྲུན་པ་རེད།

    ཟོག་འགྲེམས་ས་ཚུགས་བསྐྲུན་པའི་ཐོག་མའི་བསམ་ཚུལ་བཏོན་སྐབས། བོད་ལྗོངས་ཧྭ་ཡུན་ལུའུ་ཀང་མཁོ་སྤྲོད་མཁོ་འབྲེལ་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཐེན་གོ་ཏུང་གིས“འགྲིམ་འགྲུལ་གྱི་ས་བབ་ལེགས་ཆ”གཙོ་བོར་བཞག་ཡོད་པ་རེད།

    འགྲིམ་འགྲུལ་གྱི་ས་བབ“ལེགས་ཆ”གང་དུ་ཡོད་དམ། དེའི་ཐད་ཐེན་གོ་ཏུང་གིས། སྨར་ཁམས་རྫོང་ཆབ་མདོ་གྲོང་ཁྱེར་གྱི་ཆེས་ཤར་རྒྱུད་དུ་ཆགས་པ་དང་། སི་ཁྲོན་དང་། ཡུན་ནན། བོད་ལྗོངས་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་གཞུང་ལམ་འབྲེལ་མཚམས་སུ་གནས་ཡོད། དེ་ནི་རྒྱལ་ལམ་214དང་318གཉིས་ཀྱི་འབྲེལ་མཚམས་ཡིན་པའི་ཁར། སྨར་ཁམས་རྫོང་དེ་ཉིད་སེམས་ཀྱི་ཉི་ཟླའི་གནམ་ཐང་དང་། ཆབ་མདོའི་སྤང་མདའ་གནམ་ཐང་། དར་རྩེ་མདོའི་གནམ་ཐང་བཅས་དང་ཉེ་པོ་ཡོད། 

    ཞིང་ཆེན་དང་རང་སྐྱོང་ལྗོངས་གསུམ་གྱི་གཙོ་གནད་དང་ལྟེ་བར་ཆགས་པས། འགྲིམ་འགྲུལ་གྱི་ལེགས་ཆ་ཧ་ཅང་མངོན་གསལ་དོད་པོ་ཡོད་པ་མ་ཟད། ཁུལ་ཁོངས་ཀྱི་ཟོག་འགྲེམས་བསྡུ་འགྲེམས་བརྒྱུད་སྐྱེལ་ལྟེ་གནས་སྐྲུན་སའི་ས་ཆ་ཡག་ཤོས་ཤིག་རེད།

    ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་གྲོང་གསེབ་ཀྱི་ཟོག་འགྲེམས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་དགོས་ཞེས་ཁ་གསལ་བཏོན་ནས་གྲོང་གསེབ་ཀྱི་ཟོག་འགྲེམས་ཀྱི་ཞན་ཆ་བསལ་ཏེ་ཕན་འབྲས་མྱུར་བའི“བཟོ་ལས་ཐོན་རྫས་གཤམ་སྤེལ”དང“ཞིང་ལས་ཐོན་རྫས་གྲོང་ཁྱེར་དུ་ཚོང་བའི”ཐབས་ལམ་གཉིས་བཏོད་ཡོད། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི“མྱུར་འདྲེན”བྱ་ཐབས་ལ་ཕྱོགས་ཡོངས་ནས་སྐུལ་མ་བཏང་བ་དང་བསྟུན་ནས་སྲིད་ཇུས་ཀྱི་ཕན་པ་རིམ་བཞིན་ཐོན་པ་དང་། གྲོང་གསེབ་ཀྱི་ཟོག་འགྲེམས་ཁྲོམ་རར་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བྱུང་ནས་བོད་ཤར(སི་ཁྲོན་དང་། ཡུན་ནན། བོད་ལྗོངས)གྱི་ཞིང་ལས་ཐོན་རྫས་ཕྱོགས་བསྡུས་ཟོག་འགྲེམས་ས་ཚུགས་འཕེལ་རྒྱས་ལ་གོ་སྐབས་ཆེན་པོ་འཕྲད་ཡོད་པ་རེད།

    དཔྱིད་རླུང་དང་བསྟུན་ནས་བོད་ཤར(སི་ཁྲོན་དང་། ཡུན་ནན། བོད་ལྗོངས)གྱི་ཞིང་ལས་ཐོན་རྫས་ཕྱོགས་བསྡུས་ཟོག་འགྲེམས་ས་ཚུགས་འཕེལ་རྒྱས་དེ་བས་ཡག་པོ་བྱུང་ཞིང་། 2020ལོའི་ཟླ་6པར། ཁྲེང་ཏུའུ་ནས་སྨར་ཁམས་བར་གྱི་མ་ལམ་སྐྱེལ་འདྲེན་ལས་སྒོ་གཉེར་འགོ་ཚུགས་པ་དང་། འདི་ལོ་སླར་ཡང་སྨར་ཁམས་ནས་ཆབ་མདོ་དང་ཡུལ་ཤུལ་བར་དང་། སྨར་ཁམས་ནས་ལྷ་ས་བར་གྱི་ཟོག་འགྲེམས་མ་ལམ་དང་། སྨར་ཁམས་ནས་ཡུན་ནན་སེམས་ཀྱི་ཉི་ཟླ་བར་གྱི་མ་ལམ་རིམ་བཞིན་ཤར་གཏོང་ཐུབ་ནས་རྒྱལ་ལམ་317དང་། 318 214བཅས་ཀྱི་ས་ཁོངས་ཧྲིལ་པོའི་མ་ལམ་ཟོག་འགྲེམས་ཀྱི་བཀོད་པ་གྲུབ་ཡོད་པ་རེད།

    ཐེན་གོ་ཏུང་གིས། གོམ་སྟབས་རྗེས་མར་བོད་ཤར(སི་ཁྲོན་དང་། ཡུན་ནན། བོད་ལྗོངས)གྱི་ཞིང་ལས་ཐོན་རྫས་ཕྱོགས་བསྡུས་ཟོག་འགྲེམས་ས་ཚུགས་ཀྱིས་མ་ལམ་ཟོག་འགྲེམས་དང་གྲང་ཕྲེང་མཛོད་ཉར་གྱི་ལེགས་ཆ་གང་ལེགས་སྤྱད་དེ། སོས་ཉར་གྲང་ཕྲེང་དང་སྔོ་ཚལ་དང་ཤིང་ཏོག་སོགས་ཀྱི་ཐོན་རྫས་སྣ་ཁ་འཛོམས་པའི་རིགས་ཀྱི་ཟོག་འགྲེམས་སྡེབ་སྐྱེལ་བྱས་ཏེ། ཟོག་འགྲེམས་ཀྱི་མ་གནས་དམའ་རུ་བཏང་བ་དང་དུས་མཚུངས། བོད་ཤར་རྒྱུད་ཀྱི་ཞིང་ལས་ཐོན་རྫས་ལྗོངས་ཕྱི་རོལ་དུ་ཕྱིར་ཚོང་བྱེད་པའི་ལས་སྟེགས་སྔར་བས་རྒྱ་ཆེར་གཏོང་བ་དང་ས་གནས་དེ་གའི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།