ཉེ་བའི་ལོ་ཤས་རིང་། སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་འབྲོག་མང་ཚོགས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོ་རུ་གཏོང་བར་དམིགས་ཏེ། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། གྲོང་སྡོད་ལས་དོན་གྱི“འགན་འཁྲི་ཁག་བདུན”གྱི་ཚད་གཞི་དང་ཡང་ཡང་བསྡུར་བ། “ལྔ་བརྒྱད”ཀྱི་བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པ། ཁྲིམས་སྐྱོང་དྲིལ་བསྒྲགས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ནས། གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་ཏན་ཏིག་བརྒྱབ་པ་རེད།
གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་། “1+3”གྱི་ཆེད་དོན་ལས་བྱེད་པ། གྲོང་མིའི་ཚོགས་ཆུང་གི་ཙུའུ་ཀྲང་། “གཉིས་ལྡན་དུད་སྦྲེལ”སོགས་གྲོང་ཚོའི(སྡེ་ཁུལ)རྨང་གཞིའི་སྟོབས་ཤུགས་བསྡུ་སྒྲིལ་དང་། གཞི་རིམ་ཁྲིམས་སྐྱོང་སྒྲོག་འགྲེལ་དམིགས་ཚད་ཀྱི་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ། སྐད་འཕྲིན་ཚོགས་པར་བརྟེན་ནས་དྲིལ་བསྒྲགས་དང་འགྲེལ་བཤད་རྒྱག་པ་དང“སྐོར་སྐྱོད་སློབ་ཁང”གྲོང་ཚོ་དང་དུད་ཚང་དུ་འཛུགས་པ་སོགས་ཀྱི་བྱེད་སྟངས་སྤྱད་དེ་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཞིང་། དྲ་རྒྱའི་འཕྲིན་གཏོང་གི“གཏན་འགོག་ཉི་ཤུ”དང་དུག་འགོག་དྲིལ་བསྒྲགས་བྱེད་སྒོ་སྤེལ་ནས། འབྲེལ་ཡོད་བཅའ་ཁྲིམས་ཀྱི་ནང་དོན་མང་ཚོགས་ཁྲོད་སྒྲོག་འགྲེལ་བྱེད་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་ཁྲིམས་སྐྱོང་སྒྲོག་འགྲེལ་མི་སེམས་སུ་ཟུག་པར་བྱས་ཡོད།
དེ་དང་ཆབས་ཅིག《རྩ་ཁྲིམས》དང་།《དམངས་དོན་ཁྲིམས་གཞུང》《རྒྱལ་ཁབ་ཀྱི་བདེ་འཇགས་བཅའ་ཁྲིམས》སོགས་མང་ཚོགས་ཀྱི་དོན་དངོས་དང་མཐུན་པའི་བཅའ་ཁྲིམས་དང་ཁྲིམས་སྲོལ་གལ་ཆེན་ལ་གཙོ་གནད་ཐོག་དམིགས་ཏེ། ཉེ་འགྲམ་གྱི་གྱོད་དཔེ་དང་གནས་ཚུལ་ལ་བརྟེན་ནས་བཅའ་ཁྲིམས་ཀྱི་ཡིག་ཆ་དང་ཁྲིམས་སྐྱོང་ལག་ལེན་དྲིལ་བསྒྲགས་མཉམ་འདྲེས་ནུས་ལྡན་ཐུབ་པར་བྱས་ཏེ་མང་ཚོགས་ལ“ཁྲིམས་སྤྱོད་འདོད་པ”དང“ཁྲིམས་སྤྱོད་ཤེས་པར”ཁྲིད་སྟོན་དང་རང་འགུལ་ངང་བཅའ་ཁྲིམས་སྤྱད་དེ་གནད་དོན་ཐག་གཅོད་བྱས་ནས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ཡོད། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་བྱས་ནས་རྒྱུན་ལྡན་འཚོ་བའི་ཁྲོད་ཀྱི་རྒྱལ་ཁབ་ཀྱི་བདེ་འཇགས་ལག་ལེན་དངོས་དྲིལ་བསྒྲགས་ཤུགས་ཆེན་བྱས་ཏེ་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མང་ཚོགས་ཀྱི་ཡིད་ཆེས་ཆོད་སེམས་ཆེ་རུ་དང་རང་རྟོགས་རང་འགུལ་ངང་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་འདུ་ཤེས་ཟམ་མི་ཆད་པར་ཟབ་ཏུ་བཏང་ཡོད།