ཚེས་7ཉིན། “‘དྲ་ཐོག་མིང་ཅན’གྱིས་བོད་ཀྱི་རིག་གནས་ཡུལ་སྐོར་ལ་ལྟ་བའི”བྱེད་སྒོའི་དུས་མཚམས་རང་བཞིན་གྱི་ཕྱོགས་སྡོམ་དང་“‘དྲ་ཐོག་མིང་ཅན’གྱིས་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་ལྟ་བའི”བྱེད་སྒོའི་བརྙན་ལམ་བཀོད་སྒྲིག་ཚོགས་འདུ་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དུ་འཚོགས་པ་རེད།
ཚོགས་འདུའི་ཐོག རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲུང་ཆེ་གཞོན་པ་དང་། དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ། དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀུང་ཧྲི་ཡིའུ་ཡིས། “‘དྲ་ཐོག་མིང་ཅན’གྱིས་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་ལྟ་བའི”བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས་པ་རེད། ཟླ་5པའི་ཟླ་སྟོད་དུ་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་དང་། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་། ལྗོངས་གྲོང་གསེབ་དར་རྒྱས་ཅུས། ལྗོངས་རྨང་བརྟན་གཞུང་དོན་ཁང་། ལྷ་ས་གྲོང་ཁྱེར་དྲ་འཕྲིན་གཞུང་དོན་ཁང་བཅས་ཀྱིས་མཉམ་འབྲེལ་ཐོག“‘དྲ་ཐོག་མིང་ཅན’གྱིས་བོད་ཀྱི་གྲོང་གསེབ་དར་རྒྱས་ལ་ལྟ་བའི”དཔེ་སྟོན་བྱེད་སྒོ་སྤེལ་རྒྱུ་ཡིན་པ་རེད།
ཟླ་5པ་ནས་ཟླ་10པའི་བར། གྲོང་ཁྱེར་དང་ས་ཁུལ་ཁག་གིས“དྲ་ཐོག་མིང་ཅན”དང་། དྲ་ཐོག་མི་སྣ་གྲགས་ཅན། གྲོང་སྡོད་ལས་དོན་རུ་ཁག གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་བཅས་སྒྲིག་འཛུགས་བྱས་ཏེ་བྱེད་སྒོ་དེ་སྤེལ་རྒྱུ་ཡིན་པ་དང་། ཁོང་ཚོའི“དཀར་ཁུང་ཆུང་ཆུང”ལ་བརྟེན་ནས་དུས་རབས་གསར་པའི་བོད་ཀྱི་ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་ཟིན་བྲིས་སུ་འགོད་པ་དང་མངོན་པར་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་གྲོང་གསེབ་དར་རྒྱས་ཀྱི་གཏམ་རྒྱུད་ཡག་པོ་གླེང་རྒྱུ་རེད།