དབུ་ཤོག>ཞིང་འབྲོག་གསར་པ།
  • རྣམ་སྒྲོལ་གྱི་ལས་གཏོད་གཏམ་རྒྱུད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-29

    རྣམ་སྒྲོལ་ནི་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ནས་ཡིན་པ་དང་ད་ཆ་བོད་ལྗོངས་ཇོ་མོ་གླང་མ་ལས་གཏོད་ཞབས་ཞུ་དོ་དམ་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་རེད།

    2015ལོའི་གོང་གི་ལས་གཏོད་ཉམས་མྱོང་ལ་ཕྱིར་དྲན་བྱེད་སྐབས། རྣམ་སྒྲོལ་གྱིས་དེ་ནི་གང་སར་འཚོལ་ཞིབ་བྱེད་པའི་དུས་མཚམས་ཤིག་རེད་ཅེས་བརྗོད། ཁོང་གིས་དེ་སྔ་བོད་ལྗོངས་ཧྲེང་ཀོང་རྒྱལ་སྤྱིའི་ཡུལ་སྐོར་ལས་དོན་ཁང་གཉེར་ནས་ལས་གཏོད་བྱེད་མཁན་ཁག་གཅིག་དང་མཉམ་དུ་ལྷ་སའི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་མཐུན་ཚོགས་བཙུགས་པ་དང་། རང་འགུལ་ངང་མཐུན་ཚོགས་ཀྱི་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་དོན་ནི་ལྗོངས་ནང་ཁུལ་གྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་གཏོད་པར་སྟབས་བདེའི་ལས་གཏོད་ཆ་འཕྲིན་མཁོ་འདོན་དང་ལས་གཏོད་མཛུབ་ཁྲིད་བྱ་རྒྱུ་དེ་རེད།

    2017ལོར་རིན་སྤུངས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྫོང་ཡོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མ་སྒྲིག་འཛུགས་བྱས་ཏེ“རིན་སྤུངས་རྫོང་གི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་སྲིད་ཇུས་དྲིལ་བསྒྲགས་ཚོགས་འདུ”འཚོགས་པ་དང་། རྣམ་སྒྲོལ་གདན་ཞུས་ལྟར་ཚོགས་འདུར་ཞུགས་པ་མ་ཟད། ལས་གཏོད་པའི་ཚབ་བྱས་ནས་ཚོགས་ཞུགས་སློབ་གྲྭ་ཆེ་མོ་བར་ལས་གཏོད་ཀྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་། ས་གནས་ས་ཐོག་ཏུ་སློབ་ཆེན་གྱི་སློབ་ཐོན་སློབ་མའི་དྲི་བར་ལན་བརྒྱབ་པ། ལས་གཏོད་ཀྱི་མྱོང་ཚོར་སྤེལ་རེས་བཅས་བྱས་པ་རེད།

    “ད་ཆ་སྲིད་གཞུང་གི་ལས་གཏོད་སྲིད་ཇུས་ཧ་ཅང་ཡག་པོ་འདུག་ལ་གཞིས་རྩེ་གྲོང་ཁྱེར་གྱི་ཁྲོམ་རའི་དགོས་མཁོའང་ཧ་ཅང་ཆེན་པོ་འདུག ང་ཚོ་ལས་གཏོད་པར་ཡང་གཟིགས་སྐྱོང་སྲིད་ཇུས་མང་པོ་ཡོད་པས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱས་ན་ཡག་པོ་ཡོང་ངེས་རེད”ཅེས་རིན་སྤུངས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་སྐུལ་སློང་འོག་རྣམ་སྒྲོལ་ལ་སེམས་ཤུགས་ཆེན་པོ་སྐྱེས།

    རྫོང་ཡོངས་ཀྱི་སློབ་ཆེན་ཐོན་པའི་སློབ་མའི་ལས་ཞུགས་ལ་སྔར་བས་ཞབས་འདེགས་ཞུས་ནས་རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་གཏོང་ཆེད། 2017ལོར་རྣམ་སྒྲོལ་དང་རིན་སྤུངས་རྫོང་ནོར་གཞོང་དབུལ་སྐྱོར་མ་འཇོག་གསར་སྤེལ་ཚད་ཡོད་ཀུང་སིས་མཉམ་དུ“བོད་ལྗོངས་ཇོ་མོ་གླང་མའི་རིག་གནས་ཁྱབ་སྤེལ་ཚད་ཡོད་ཀུང་སི”བཙུགས་པ་དང་ཐོ་འགོད་མ་དངུལ་སྒོར་ཁྲི་157.1ཟིན་ཡོད་པ་རེད། 2018ལོའི་ཟླ་6པར་རྣམ་སྒྲོལ་གྱིས་སླར་ཡང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་གྲྭ་ཆེ་མོ་བའི་མིང་ཐོག་ནས་རིན་སྤུངས་རྫོང་དུ་མི་སྒེར་གྱི་ཀུང་སི་གཉིས་པ་སྟེ“བོད་ལྗོངས་ས་མཐོའི་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི”ཐོ་འགོད་བྱས་པ་རེད། རྫོང་ཨུད་དང་རྫོང་སྲིད་གཞུང་གིས་འབྲེལ་ཟམ་བཙུགས་པ་ལས་ཀུང་སིའི་འཁོར་སྐྱོད་ལ་སྐུལ་མ་ནུས་ལྡན་ཐེབས་པ་དང་ཞབས་ཞུའི་ནུས་པ་ཆེ་རུ་ཕྱིན་ནས་དངོས་སུ་ལས་གཉེར་བྱེད་འགོ་འཛུགས་པར་རྨང་གཞི་བརྟན་པོ་བཏིང་ཡོད། མིག་སྔར་ཀུང་སི་དེར་ཐོན་ལས་རྣམ་གྲངས་ཇུས་འགོད་ཀྱི་རིགས་པས་ཁུངས་སྐྱེལ་དང་ཞིབ་དཔྱད་ལེགས་སྒྲུབ་བྱས་པ་དང་འབྲེལ་དངོས་སུ་ལས་གཉེར་བྱེད་འགོའང་ཚུགས་པ་རེད།

    ཆེད་ལས་དང་། ན་གཞོན། བྱང་ཚད་མཐོ་བ་བཅས་ཀྱི་ལས་དོན་ཚོགས་པ་ཁག་གཅིག་ཡོད་པ་མ་ཟད། རྣམ་སྒྲོལ་གྱི་བྱང་ཆུབ་པའི་ལས་སྒྲུབ་དོ་དམ་འདུ་ཤེས་ལས་ཀུང་སིར་ཁྲོམ་རའི་མཚན་སྙན་བཟང་པོ་ཐོབ་ཡོད། ཀུང་སིས་ད་དུང་སློབ་ཆེན་ཐོན་པའི་སློབ་མ་11ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་པ་དང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་2དང་མི་9ལ་ཆ་སྒྲིག་རོཌ་སྐྱོར་བྱས་པ་རེད།

    2018ལོའི་ཟླ་7པར་རྣམ་སྒྲོལ་གྱིས་སླར་ཡང་ས་གནས་དེ་གའི་སྲིད་གཞུང་དང་མཉམ་དུ“བོད་ལྗོངས་ཇོ་མོ་གླང་མའི་ངལ་ལས་ཞབས་ཞུ་དོ་དམ་ཚད་ཡོད་འགན་འཁྲི་ཀུང་སི”བཙུགས་པ་དང་ཐོ་འགོད་མ་དངུལ་སྒོར་ཁྲི་200ཟིན་ཞིང་། གྲོང་དོན་གྲོང་རྣམ་དོ་དམ་དང་། ཁྱིམ་ལས་ཞབས་ཞུ་པུའུ། ངལ་ནུས་འགན་གཙང་སོགས་ཀྱི་ལས་སྒོ་སྤེལ་བ་རེད། ཀུང་སིས“རྨང་གཞིའི་གླ་ཕོགས་དང་ལས་རྗེས་བྱ་དགའ”ཟུང་འབྲེལ་གྱི་བྱེད་སྟངས་སྤྱད་ནས་སྤྱི་ཚོགས་ནས་ཆེད་བསྐོས་གྲོང་ཚོ་ཨུ་ལྷན་གྱི་ངལ་ལས་བར་ཁེ་བ་5གདན་ཞུ་བྱས་ཏེ་རྫོང་གྲོང་ཁག་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བྱ་ཡུལ་དང་ལྷ་གཞིས་རིམ་མཐོའི་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་པུའུ་སོགས་ཨར་སྐྲུན་བྱ་ཡུལ་དུ་སྔ་རྗེས་སུ་ལས་མི་717སྒྲིག་འཛུགས་ལྡན་པའི་ངང་ཕྱིར་གཏོང་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལས་དོན་གྱི་དགོས་མཁོར་གཞི་ཚུགས་ནས་རྣམ་སྒྲོལ་ལ་ཕུགས་བསམ་ལྡན་པའི་གཞོན་ནུ་དེ་བས་མང་བར་ལས་གཏོད་ཞབས་ཞུའི་སྤྱི་ཕན་རང་བཞིན་གྱི་སྤྱི་པའི་ཞབས་ཞུའི་ལས་སྟེགས་ཤིག་གཏོད་རྒྱུའི་བསམ་བློ་འཁོར།

    2019ལོར་གཞིས་རྩེ་གྲོང་ཁྱེར་གྱི་སློབ་གྲྭ་ཆེ་མོ་བའི་ལས་གཏོད་འགོ་ཁྲིད་ལས་དོན་ཚོགས་ཆུང་གི་མཐུན་སྦྱོར་འོག རྣམ་སྒྲོལ་མི་སྒེར་གྱིས་སྒོར་ཁྲི་120བཏོན་ནས་བོད་ལྗོངས་ཇོ་མོ་གླང་མ་ལས་གཏོད་ཞབས་ཞུ་དོ་དམ་ཚད་ཡོད་ཀུང་སིའི“ནས་ཀུན་གཏོད”བར་ཁྱམས་བཙུགས་པ་རེད། “ནས་ཀུན་གཏོད”བར་ཁྱམས་ཀྱིས་དེའི་ནང་ཞུགས་མཁན་ཡུལ་དེ་གའི་ལས་གཏོད་པར་དུས་ཡུན་ལོ་གསུམ་གྱི་གཞུང་ལས་ཁང་དང་། དེ་བཞིན་ཆུ་གློག་དང་གཞུང་སྒྲུབ་སྒྲིག་བཀོད་སོགས་ཀྱི་འགྲོ་གྲོན་མི་ལེན་པ་མ་ཟད། ད་དུང་ལས་གཏོད་པར་རིགས་ཁག་གི་ལས་གཏོད་གསོ་སྦྱོང་དང་། ལས་གཏོད་གླེང་སྟེགས་མཁོ་འདོན་བྱས་ནས་རིགས་ཁག་གི་སྲིད་གཞུང་གི་ཁ་གསབ་དང་བྱ་དགའི་མ་དངུལ་རེ་ཞུ་བྱེད་རོགས་བྱེད་པ་དང་། བཟོ་ཚོང་ཐོ་འགོད་དང་ནོར་དོན་ཚབ་སྒྲུབ་སོཌ་ཀྱི་འབྲེལ་ཡོད་གཟིགས་སྐྱོང་ཞབས་ཞུ་བྱེད་པ། གསོ་སྐྱོང་བྱ་ཡུལ་གྱིས་གཉེར་བའི་རྣམ་གྲངས་ཞིབ་དཔྱད་དང་། མ་དངུལ་བསྡུ་སྒྲིལ་སྦྲེལ་མཐུད་སོགས་ཀྱི་བྱེད་སྒོར་རིན་མེད་ངང་ཞུཌ་སུ་འཇུག་གི་ཡོད། བར་ཁྱམས་ནང་ཞུགས་པའི་གདན་ཞུའི་ཡི་གེ་བཏང་བ་ནས་བཟུང་ལེགས་འདེམས་བྱས་པ་བརྒྱུད་དངོས་སུ་བར་ཁྱམས་གསོ་སྐྱོང་ནང་ཞུགས་པའི་ཁེ་ལས་8དང་ཕྱིར་གསོ་སྐྱོང་བྱས་པའི་ཁེ་ལས་28ཡོད་པ་རེད།

    དུས་ཐུང་ལོ་4ཡི་ནང་རྣམ་སྒྲོལ་གྱིས་སྲིད་ཇུས་ཀྱི་གོ་སྐབས་དང་བསྟུན་ནས་བྱ་གཞག་གཏོད་པའི་ལམ་བུའི་ཐོག་གྲུབ་འབྲས་ཡག་པོ་བཏོད་ཡོད། “མིག་སྔར་ངེས་པར་དུ་ལས་གཏོད་ཀྱི་ངེས་གནས་ཡང་དག་བཙལ་ཏེ་མི་སྒེར་གྱི་བྱ་གཞག་གྲོང་ཁྱེར་ཡོངས་ཀྱི་གཉིས་གཏོད(སློབ་གྲྭ་ཆེ་མོ་བའི་ལས་གཏོད་ལས་ཞུགས)དང་དབུལ་སྐྱོར་གསར་སྤེལ་བྱ་གཞག་ལ་ཞབས་ཞུ་བྱེད་པའི་ཁྲོད་མཉམ་འདྲེས་བྱེད་དགོས་པ་མ་ཟད། མི་སྒེར་གྱི་བྱ་གཞག་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་ཆབས་ཅིག་ཕ་ཡུལ་གྱི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས”ཞེས་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་ལམ་བུའི་ཐོག་གི་ཉམས་མྱོང་ཟབ་ཤོས་སྐོར་གླེང་སྐབས་རྣམ་སྒྲོལ་གྱིས་དེ་ལྟར་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།