དབུ་ཤོག>ཞིང་འབྲོག་གསར་པ།
  • ​ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་མཆོག་ཏུ་གྱུར་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-24

    ཉེ་ཆར། གསར་འགོད་པར་མངའ་རིས་ས་ཁུལ་རྒྱུད་བཟང་ར་བ་ནས་ཤེས་རྟོགས་བྱུང་བར། “ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་གི་རྒྱུད་པ་གསར་པ་གསོ་སྤེལ་དང་བཀོལ་སྤྱོད”ཀྱི་རྣམ་གྲངས་ལ་2021ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་ཚན་རིག་ལག་རྩལ་བྱ་དགའ་ཨང་དང་པོ་ཐོབ་པ་རེད། རྒྱུད་པ་དེ་རིགས་སྤེལ་ཐུབ་པ་ནི་བོད་ཀྱི་འབྲོག་ལས་ཚན་ཞིབ་ལས་དོན་གྱི་ཚད་བརྒལ་ཞིག་ཡིན་ཞིང་། ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་དེ་ཉིད་མངའ་རིས་ཀྱི་ཞིང་འབྲོག་པ་འབབ་འཕར་ཕྱུག་འགྱུར་གྱི་ཐབས་མཆོག་ཏུ་གྱུར་ཡོད་པ་རེད།

    “མིག་སྔར། མངའ་རིས་ས་ཁུལ་དུ་ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་མགོ་གྲངས་ཁྲི་1.5དང་། ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་གསོ་ཚགས་མཉམ་ལས་ཁང་4དང་དཔེ་སྟོན་དུད་ཚང་50ཡོད། དེ་དང་ཆབས་ཅིག་རིམ་རྩིས་བྱས་ན་ས་གནས་ནོར་སྲིད་ལ་འབྲོག་ལས་ཐོན་རྫས་ཀྱི་ཡོང་འབབ་སྒོར་ཁྲི་595.67གོང་འབུལ་ཞུས་ནས་ལོ་ལྟར་ས་གནས་དེ་གའི་ཆེད་ལས་གསོ་ཚགས་མཉམ་ལས་ཁང་དང་ཞིང་འབྲོག་པར་རིམ་རྩིས་བྱས་ན་ཡོང་འབབ་སྒོར་ཁྲི་100ལྷག་ཙམ་གཏོད་ཀྱི་ཡོད། ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་གསོ་ཚགས་ལས་རིགས་དེ་ཉིད་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་གལ་ཆེན་གྱི་གྲས་ཤིག་ཏུ་གྱུར་ཡོད”ཅེས་མངའ་རིས་ས་ཁུལ་རྒྱུད་བཟང་ར་བའི་ལས་དཔོན་བསོད་རྡོར་གྱིས་གསར་འགོད་པར་བཤད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་ནི་ས་མཐོའི་བོད་ཀྱི་མ་མོར་ཤིན་ཅང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་ཐུག་དང་ནང་སོག་གི་ཚེ་ཀའེ་ལུག་ཐུག་གཉིས་ཕ་སྦྱོར་བྱས་པའི་རྒྱུད་པ་ཞིག་ཡིན་ཞིང་། རྒྱུད་པ་དེའི་ལུག་གི་ཤ་དང་བལ་གཉིས་ཀ་སྤུས་ཀ་ལེགས་ཤིང་། གཟུགས་སྟོབས་ཆེ་བ་དང་། ཤ་དང་། འོ་མ། བལ་བཅས་ཀྱི་ཐོན་ཚད་མཐོ་བ། ཕྱོགས་བསྡུས་ནུས་པ་ཡག་པོ་ཡོད་པ་རེད། རིགས་གཅིག་མཁས་ཅན་གྱིས་ངོས་འཛིན་བྱས་པ་བརྒྱུད། ཞང་ཞུང་གི་བལ་རྒྱུ་ཅུང་འཇམ་པའི་ལུག་དེ་ནི་རགས་ལས་གསོ་ཚགས་ཀྱི་ཆ་རྐྱེན་འོག་ཏུའང་སྐྱེ་འཕེལ་ཡག་པོ་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།