དབུ་ཤོག>ཞིང་འབྲོག་གསར་པ།
  • མལ་གྲོ་གུང་དཀར་རྫོང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-22

    ཉེ་ཆར་མལ་གྲོ་གུང་དཀར་རྫོང་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཚུལ་ལ་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཤིང་། ལྷ་ས་སྐྱིད་ཆུ་དང་། རྒྱ་མའི་གཞུང་ཆུ། ཞོ་རོང་གཙང་པོ་སོགས་རྒྱུག་ཁུལ་དུ་གཙང་པོ་དང་མཚོ་ཡི“ཟང་ཟིང་བཞི་གཙང་སེལ”དང་། ཆུའི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག རིམ་པ་ཁག་གི་ཆུ་དཔོན་དང་མཚོ་དཔོན་གྱི་ལས་སྒྲུབ་འགན་སྒྲུབ་སོགས་ཀྱི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་རེད།

    ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་ཚོགས་ཆུང་གིས་ས་གནས་ས་ཐོག་ཏུ་ལྟ་ཞིབ་བྱེད་པ་དང་། སྙན་སེང་ཉན་པ། རྩིས་ཁྲར་ལྟ་བ། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད། ཤང་དང་གྲོང་རྡལ་ཁག་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཀྱི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་ཚུལ་ཤེས་རྟོགས་གཏིང་ཟབ་བྱས་པ་དང་། ཤང་དང་གྲོང་རྡལ་ཁག་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ཁྱབ་གདལ་བཏང་བར་ཐོབ་པའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་པ། དེ་བཞིན་ཤང་དང་གྲོང་རྡལ་དང་གྲོང་ཚོ་རིམ་པར་ལྷག་པའི་ཞིབ་ཕྲའི་གནད་དོན་ལ་དམིགས་ནས་དུས་བཀག་ལྟར་དག་ཐེར་བྱེད་དགོས་པའི་བླང་བྱ་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།