དབུ་ཤོག>ཞིང་འབྲོག་གསར་པ།
  • ཆུ་ཤུར་རྫོང་གིས་མང་ཚོགས་ཀྱི“ལྕེ་ཐོག་གི་བདེ་འཇགས” སྲུང་སྐྱོང་ཏན་ཏིག་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-22

     ཉིན་ཤས་གོང་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་། འགྲིམ་འགྲུལ་ཅུས། སྤྱི་བདེ་ཅུས། དཔལ་འབྱོར་ཆ་འཕྲིན་ཅུས་སོགས་འབྲེལ་ཡོད་ཚན་པ་དང་མཉམ་དུ་གྲང་ཕྲེང་བཟའ་བཅར་ཆེད་དོན་ཞིབ་བཤེར་བྱས་པ་རེད།

    ཞིབ་བཤེར་ཚོགས་ཆུང་གིས་གྲང་ཕྲེང་བཟའ་བཅའ་ཐོན་སྐྱེད་བྱེད་མཁན་གྱིས་ངོས་འཛིན་སྔར་བས་ཟབ་ཏུ་གཏོང་བ་དང་། ཡིད་རྟོན་ཁྲིམས་སྲུང་གིས་གཉེར་སྐྱོང་བྱས་ནས་བཟའ་བཅའི་བདེ་འཇགས་དང་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་མ་ཟད། རྫོང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་དང་རྫོང་འགྲིམ་འགྲུལ་ཅུས་ཀྱིས་ཉིང་སྐྱུར་བརྟག་དཔྱད་དང་། དམངས་ཡོངས་ཀྱིས་དུག་སེལ། ནང་འདྲེན་གྲང་ཕྲེང་བཟའ་བཅའི་རླངས་འཁོར་ལ་དོ་དམ་ཚོད་འཛིན། ཁ་ལོ་བར་དོ་དམ་སོཌ་ཀྱི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་དང་འབྲེལ་བླང་བྱ་ཡང་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།