དབུ་ཤོག>ཞིང་འབྲོག་གསར་པ།
  • ནུས་ཤུགས་ཡོད་རྒུས་བློ་ཡིད་ཚིམ་པའི་དམངས་འཚོའི་རྒྱུགས་ལན་ཕུལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-13

    “ད་ཆའི་འཚོ་བ་དངོས་འབྲེལ་བདེ་སྐྱིད་དང་ལྡན་པ་ཞིག་འདུག སྲིད་གཞུང་གིས་ང་ཚོར་ཁང་པ་གསར་པ་བརྒྱབ་ནས་ནང་མི་ཚང་མ་བདེ་སྐྱིད་གྲོང་གསར་དུ་སྤོས་པས་ཆུ་གློག་བེད་སྤྱོད་དང་འགྲིམ་འགྲུལ་སྟབས་བདེ་པོ་ཡོད་པ་མ་ཟད། ཕྲུ་གུ་སློབ་གྲྭར་གཏོང་བ་ཡང་ཧ་ཅང་སྟབས་བདེ་པོ་འདུག འདི་ལོ་ང་ཚོའི་རྒན་གསོའི་དངུལ་དེ་ཐོག་མའི་ཟླ་རེར་སྒོར་180ནས་སྒོར་215བར་སྤར་འདུག ཏང་དང་སྲིད་གཞུང་གིས་ང་ཚོ་རྒན་རྒོན་ལ་རྒན་གསོའི་ཐད་ཐུགས་ཁུར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་སྟག་རྩེ་ཆུས་ཐང་དཀར་ཤང་ཐང་དཀར་གྲོང་ཚོའི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་གི་གྲོང་མི་བདེ་སྐྱིད་ཀྱིས་དྲིན་ཚོར་བཞིན་དུ་དེ་ལྟར་བཤད།

    འདས་ཟིན་པའི་ལོ་གཅིག་རིང་། ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྒན་གསོ་འགན་བཅོལ་ཁྱབ་ཁོངས་ཀྱི“འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག”བཅས་ཀྱི་གནད་དོན་ལ་དམིགས་ནས། དམངས་འཚོའི་ཞན་ཆ་བསལ་ཞིང་། རང་སྐྱོང་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོ་འགན་བཅོལ་གྱི་རྨང་གཞིའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་20སྤར་བའི་རྨང་གཞིའི(ཟླ་རེར་མི་རེར་ཆ་སྙོམས་སྒོར་205)ཐོག་ལྷ་སའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ལ་མི་རེར་ཟླ་རེར་སྒོར་10ཡི་ཚད་གཞིར་གཞིགས་ནས་སླར་ཡང་མཐོ་རུ་གཏོང་རྒྱུའི་རེ་ཞུ་བྱས་པ་མ་ཟད། ལོ་འཁོར་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་ནང་བཅུག་ཡོད་པ་རེད།

    “གླ་ཕོགས་མཐོར་གཏོང་གི་ཚད་གཞི་དོན་འཁྱོལ་བྱས་པས། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་རྒན་གསོའི་དངུལ་མི་རེར་ཟླ་རེར་སྒོར་215ཟིན་པ་དེ་ལོ་གོང་མ་ལས་16.22%འཕར་ཡོད། རྒན་གསོའི་དངུལ་མུ་མཐུད་སྤར་བ་དེས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མང་ཚོགས་ཚོའི་ཐོབ་སྣང་སྔར་བས་ཟབ་པ་དང་། སྐྱིད་སྣང་སྔར་བས་རྒྱུན་མཐུད་ཆོག་པ། བདེ་འཇགས་ཚོར་སྣང་སྔར་བས་འགན་ལེན་བྱུང་ཡོད”ཅེས་ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱི་ཅུས་ཀྲང་ཝང་མན་ཁྲུན་གྱིས་བརྗོད།

    དེ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་རང་སྐྱོང་ལྗོངས་མི་སྤྱི་ཐིང་དང་ནོར་སྲིད་ཐིང་གི་འབྲེལ་ཡོད་ལས་ཀའི་བླང་བྱ་དོན་འཁྱོལ་ཧུར་ཐག་བྱས་པ་སྟེ། 2021ལོའི་ཟླ་8པའི་ཟླ་འགོར་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གོང་དང་བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་ལས་ཀར་ཞུགས་ནས་རྒན་ཡོལ་ཞུས་པའི་ལྷ་ས་གྲོང་ཁྱེར་གྱི་ལས་བྱེད་པ་དང་ལས་བཟོ་145ལ་དམིགས་བསལ་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་ཡོད། ལོ་89ལ་སླེབས་པའི་བགྲེས་སོང་ཀྲེང་ཁ་ནི་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྲས་ཤིག་རེད། ཁོང་གིས་ད་ཐེངས་ཟླ་རེར་སྒོར་800ཡི་ཚད་གཞི་གཞིར་བཟུང་དམིགས་བསལ་འཚོ་བའི་ཁ་གསབ་རོགས་དངུལ་བླངས་པ་དང་རྒན་ཡོལ་ཞུས་རྗེས་ཀྱི་གླ་ཕོགས་ཟླ་རེར་སྒོར་8400ལྷག་ཙམ་ཟིན་ཡོད་པ་རེད།

    རྒས་དུས་གསོ་མཁན་ཡོད་པའི་འགན་ལེན་བྱེད་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས་ཐོག་མཐའ་བར་གསུམ་དུ་མེས་རྒྱལ་གྱི་མཐའ་མཚམས་སུ་གནས་རུང་། ངེས་པར་དུ་རྒྱལ་ཡོངས་ཀྱི་སྔོན་སྤེལ་ས་ཁུལ་གྱི་འཕེལ་རྒྱས་གོམ་སྟབས་ཀྱི་རྗེས་སུ་སྙེགས་ནས། ལྟེ་བའི་གྲོང་ཁྱེར་གྱི་ཁྲོམ་རའི་འགྲན་རྩོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྤྱི་ཚོགས་འགན་བཅོལ་གྱི་གཉེར་སྐྱོང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། སྤྱི་ཚོགས་འགན་བཅོལ་གྱི་གཉེར་སྐྱོང་ཞབས་ཞུའི་ཚོམས་ཆེན་ཚད་གཞི་ཅན་དང་། ལས་སྒོ་གཉེར་སྐྱོང་ཆ་འཕྲིན་ཅན། ཡིག་ཚགས་དོ་དམ་གྲངས་འཛིན་ཅན་བཅས་སུ་བསྐྲུན་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ། སྤྱི་ཚོགས་འགན་བཅོལ་གཉེར་སྐྱོང་ཞབས་ཞུའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་ལ་སྐུལ་འདེད་བཏང་བ་རེད།

    མིག་སྔར“སྦར་མཐིལ་སྤྱི་ཚོགས་འགན་བཅོལ”ཐོ་འགོད་དང་སྤྱོད་མཁན་མི་གྲངས་ཁྲི་30ལྷག་ཙམ་བརྒལ་བ་དང་། དྲ་ཐོག་གཉེར་སྐྱོང་ཞབས་ཞུའི་ཚོམས་ཆེན་དུ་ཐོ་འགོད་དང་སྤྱོད་མཁན་ཁེ་ལས7500ལྷག་ཙམ་ཟིན་པ། འགན་བཅོལ་ནང་ཞུགས་མཁན་ཁེ་ལས་དང་མང་ཚོགས་ཀྱིས་སྤྱི་ཚོགས་འགན་བཅོལ་གཉེར་སྐབས“སྦར་མཐིལ་ནས་གཉེར་བ་དང་། དྲ་ཐོག་ནས་གཉེར་བ། ཐག་ཉེ་ས་ནས་གཉེར་བ”བཅས་མངོན་འགྱུར་བྱུང་ཡོད་པ་རེད།

    གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག ལྷ་ས་གྲོང་ཁྱེར་མི་སྤྱི་སྡེ་ཚན་གྱིས་མང་ཚོགས་བློ་ཡིད་ཚིམ་ཚད་དེ་འགོ་འཛུགས་ས་དང་དོན་ལ་འབབ་སར་བྱས་ནས། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་འགན་བཅོལ་གྱིས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པའི་དུས་རབས་ཀྱི་རྒྱུགས་ལན་ཕུལ་ཏེ། རྒས་དུས་གསོ་མཁན་ཡོད་པའི་འགན་ལེན་བྱས་ནས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པས། ཞིང་འབྲོག་མང་ཚོགས་ཚོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་སྟེ་སྤྱི་ཚོགས་འགན་བཅོལ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།