དབུ་ཤོག>ཞིང་འབྲོག་གསར་པ།
  • མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-13

    བོད་བཟོའི་ཁང་པ་རྩིག་པ་དཀར་ཞིང་ཐོག་དམར་བ་སྟར་པ་རེ་རེ་བཞིན་བསྐྲུན་པ་ལས་མཛེས་སྡུག་ལྡན་པའི་གྲོང་གསེབ་གསར་པའི་རྣམ་པ་མངོན་པ་མ་ཟད། ཞིང་ནང་དུ་ཚག་མའི་ཕོན་ལྕོག་གསེར་མདོག་ཅན་རིམ་པར་བརྩེགས་པ་ལས་2021ལོའི་ཐོན་འབབ་ཅི་བྱུང་གསལ་ལ། ཞིང་ལས་འཕྲུལ་ཆས་ཆེན་པོ་གྲོང་ཚོ་ཨུ་ལྷན་གྱི་སྒོ་ཁའི་རླངས་འཁོར་འཇོག་སར་གྲལ་འགྲིགས་ནས་བཞག་པ་ལས“སྐྱ་ནམ་རྒྱས་པའི”རྣམ་པ་ཞིག་ངང་གིས་མངོན་བཞིན་ཡོད། ད་ཕན་ལོ་ཤས་རིང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོས་མི་སེར་གྱི་འབབ་འཕར་དམིགས་ཚད་དུ་བཟུང་ནས། ཡུལ་བབ་དང་བསྟུན་པ་དང་གནད་སྨིན་ཇུས་འདོན་བྱས་ཏེ་ཆེད་ལས་མཉམ་ལས་ཁང་འཛུགས་པ་དང་། ཁྱད་ལྡན་ཞིང་ལས་ཐོན་ལས་ཀྱི་རྟེན་གཞི་སྐྲུན་པ། ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་མཐའ་འཁྱོངས་བྱས་ནས། གྲོང་མི་དང་། གྲོང་ཚོའི་མཉམ་སྡེབ། མཉམ་ལས་ཁང་སོགས་མང་པོ་ཞིག་ལ་ཁེ་ཕན་ཐོབ་ཡོད།

    ཞོགས་པ་སྔ་པོ་ནས་ལྷུན་གྲུབ་རྫོང་བྱང་ཁ་ཤང་ཆུ་ཁ་བྱང་གྲོང་ཚོ་ཨུ་ལྷན་གྱི་སྒོ་རའི་ནང་མི་ཚོགས་ཀྱིས་ཁེངས་ནས་འཁྲུག་ཆ་ཧ་ཅང་དོད་ཅིང་། ཆུ་ཁ་བྱང་གྲོང་ཚོའི་2021ལོའི་མཉམ་སྡེབ་དཔལ་འབྱོར་གྱི་བགོ་འགྲེམ་ཚོགས་ཆེན་གོ་རིམ་ལྡན་པའི་ངང་འཚོགས་པ་དང་། དེ་གར་འོང་བའི་ཡུལ་མི་ཚང་མར་སྒོར་3400རི་བའི་གློག་སྒུལ་སྦག་སྦག་གྲི་ཆུང་རྟགས་ཅན་རེ་སྤྲད་པས་ཚང་མའི་གདོང་ལས་བདེ་སྐྱིད་དང་སྤྲོ་སྣང་མངོན་འོང་།

    “ད་རེས་གྲོང་ཚོ་ཨུ་ལྷན་གྱིས་ལོ་བདུན་བསྟུད་མར་དངོས་པོ་བགོ་འགྲེམ་རྒྱག་ཐེངས་བདུན་པ་དེ་རེད། ང་ཚོའི་ཁྱིམ་གྱི་བརྙན་འཕྲིན་དང་། འཁྱགས་སྒམ། འཁྲུད་འཁོར་སོགས་ཁྱིམ་སྤྱོད་གློག་ཆས་ཚང་མ་གྲོང་ཚོ་ཨུ་ལྷན་གྱིས་བགོ་འགྲེམ་བརྒྱབ་པ་ཤ་སྟག་རེད། འདི་ལོ་གྲོང་ཚོ་ཨུ་ལྷན་གྱིས་ཡང་ངེད་ཚོའི་དུད་ཚང་ཚང་མར་སྐམ་གློག་འཁོར་ལོ་རེ་སྤྲད་བྱུང་བས་ཧ་ཅང་དགའ་པོ་བྱུང་། སྐམ་གློག་འཁོར་ལོ་འདི་ཡོད་ཕྱིན་རྣམ་ཀུན་རྫོང་དུ་ཉོ་ཆ་རྒྱག་པར་འགྲོ་སྐབས་སྟབས་ཧ་ཅང་བདེ་པོ་འདུག ད་རེས་གློག་སྒུལ་སྦག་སྦག་སྤྲད་པ་ང་ཚོ་ཚང་མའི་བློ་ལ་བབ་པོ་བྱུང་སོང་བས། ཏང་ཀྲུང་དབྱང་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེད་ཚོར་ཐུགས་ཁུར་གནང་བར་ཐུགས་རྗེ་ཆེ་ཞུ”ཞེས་ཡུལ་མི་ཚོས་དགའ་སྤྲོའི་ངང་བཤད།

    ཆུ་ཁ་བྱང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་བསོད་ནམས་ཕུན་ཚོགས་ཀྱིས་ད་ཕན་ལོ་ཤས་རིང་ཆུ་ཁ་བྱང་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ་དང་གྲོང་ཚོ་དེ་གའི་ས་ཁམས་ལེཌ་ཆ་དང་བསྟུན་ནས“གྲོང་ཚོ་རེར་ཐོན་རྫས་རེའི”སྤྱི་ཡོངས་བླང་བྱར་དམ་པོར་དམིགས་ཏེ། ཁྱད་ལྡན་ཐོན་ལས་ནས་འགོ་འཛུཌ་པ་དང་ཐོན་ལས་འཕེལ་རྒྱས་ཀྱི་སྦྲེལ་མཐུད་ཡག་པོ་བྱས་ཏེ་གཟན་རྩྭ་འདེབས་པ་གྲོང་ཚོ་དེ་གའི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་ཁྲིད་ནུས་ལྡན་བྱེད་པའི་ཐབས་ལམ་གཙོ་བོར་བརྩིས་ཡོད། 2021ལོར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་སྒྱུར་བཅོས་གོ་སྐབས་སུ་བྱས་ཏེ་ཞིང་དུད་ཀྱི་ས་ཞིང་མུའུ་5886གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་མ་རྐང་ལ་བཞག་སྟེ་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའུ་ཡིས་འདེབས་འཛུགས་དང་། བརྔ་བསྡུ། ཕྱིར་ཚོང་བཅས་བྱས་རྗེས་སླར་ཡང་ཡོང་འབབ་གཅིག་གྱུར་བགོ་འགྲེམ་རྒྱག་པའི་འགན་ཁུར་ཡོད། 2021ལོར་གྲོང་ཚོ་ཡོངས་ཀྱིས་ཡུག་པོའི་གཟན་རྩྭ་དང་གཟན་སྐམ་ཆག་པ་ཁྲི་13.2ལྷག་ཙམ་བརྔ་བསྡུ་བྱས་པར་ཡོང་འབབ་སྒོར་ཁྲི་660བྱུང་ནས་མི་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་1ཙམ་བྱུང་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གོམ་སྟབས་རྗེས་མར་ཆུ་ཁ་བྱང་གྲོང་ཚོས་སྣ་མང་ཅན་གྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་སྟངས་མུ་མཐུད་འཚོལ་ཞིབ་བྱས་ཏེ། མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་བཏང་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་དང་དཔལ་འབྱོར་འཕར་གཞི་གསར་པ་སྐྱེད་སྲིང་བྱས་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།