དབུ་ཤོག>ཞིང་འབྲོག་གསར་པ།
  • ཁྲེང་ཀོན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་གནས་སྤོས་གྲུབ་འབྲས་བརྟན་དུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-13

    “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ”བཅས་ནི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་དོན་གྱི་སྤྱིའི་དམིགས་ཚད་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། གྲོང་ཁྱེར་རིམ་པས་སྤྱི་འདོམས་དང་། ཁྲེང་ཀོན་ཆུས་ཀྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་བ། སྤུན་ཟླའི་རྫོང་དང་ཆུས་ཁག་གིས་གཞོགས་འདེགས་ཧུར་ཐག་བཅས་ལ་བརྟེན་ནས། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་761གི་མང་ཚོགས་3267ཁྲེང་ཀོན་ཆུས་ཀྱི་དྲིན་སྐྱོང་གླིང་སྡེ་ཁུལ་དུ་སྤོས་པ་རེད།

    དུད་ཚང་ཚང་མར་དྲོད་རླངས་གཅིག་གྱུར་མཁོ་འདོན་བྱས་ནས་མང་ཚོགས་ཀྱིས་དྲོ་སྐྱིད་ལྡན་པའི་དགུན་ཁ་བསྐྱལ་བ། གནས་སྤོས་དུད་ཚང་ཁག་གསུམ་པ་གནས་སྤོ་ཅུང་འཕྱིས་པའི་རྐྱེན་གྱིིས་ཁོ་ཚོའི་སྡོད་ཁང་དྲོད་རླངས་མཁོ་འདོན་བྱེད་ཁོངས་སུ་ཚུད་མེད། ཁྲེང་ཀོན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གནས་ཚུལ་དེ་ཤེས་འཕྲལ་འབྲེལ་ཡོད་སྡེ་ཚན་ལ་འབྲེལ་བ་བྱས་ནས་ཞིབ་བསྡུར་ལས་དོན་སྤེལ་བ་དང་། གོང་རིམ་སྡེ་ཚན་གྱི་བསམ་འཆར་དང་གྲོས་འགོ་ཧུར་ཐག་ཉན་རྗེས། དྲིན་སྐྱོང་གླིང་གི་གནས་སྤོས་དུད་ཚང་ཁག་དང་པོ་དང་གཉིས་པར་དྲོད་རླངས་མཁོ་འདོན་བྱས་པའི་སྒྲིག་ཆས་ཀྱི་ཚད་གཞི་ལྟར་དུད་ཚང་རེར་ཆ་སྙོམས་སྒོར་13000ལ་གཞིགས་ནས་གནས་སྤོས་ཁག་གསུམ་པའི་དུད་ཚང་64ལ་དྲོད་རླངས་མཁོ་འདོན་སྒྲིག་ཆས་བསྒར་བ་རེད།

    དབུལ་སྐྱོར་འཁོར་ཁང་འཛུགས་པའི་རྣམ་གྲངས་ལག་ལེན་བསྟར་ནས་མཉམ་སྡེབ་དཔལ་འབྱོར་གྱི་དཀའ་གནད་བསལ་བ། དྲིན་སྐྱོང་གླིང་སྡེ་ཁུལ་གྱི་མཉམ་སྡེབ་དཔལ་འབྱོར་ཅུང་ཉན་པའི་དོན་དངོས་ལ་གཞིགས་པ་དང་། ཁྲེང་ཀོན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་གནས་སྤོ་བྱ་ཡུལ་ལ་རྒྱུན་མཐུད་འབབ་འཕར་བརྟན་པོ་ཡོང་བར་དམིགས་ཏེ། ཐོན་ལས་ཀྱི་རྣམ་གྲངས་འཆར་འགོད་ཧུར་ཐག་བྱས་ཤིང་། 2021ལོར་མ་དངུལ་སྒོར་ཁྲི་600བཏང་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་བྱ་ཡུལ་དྲིན་སྐྱོང་གླིང་ལ་དབུལ་སྐྱོར་འཁོར་ཁང་འཛུགས་པའི་རྣམ་གྲངས་ལག་ལེན་བསྟར་བ་དང་། 2022ལོའི་ལོ་འགོར་དབུལ་སྐྱོར་འཁོར་ཁང་གི་ཐོག་སོ་གཉིས་པར་ཁ་ཟས་བཟོ་ས་བྱས་པ་དང་ཁ་ཟས་བཟོས་པར་མང་ཚོགས་20ལ་མི་རེར་ཆ་སྙོམས་ཡོང་འབབ་སྒོར་4500རེ་རག་ཡོད། དབུལ་སྐྱོར་འཁོར་ཁང་གི་ཐོག་སོ་དང་པོ་དེ་ལོ་གསར་གོང་གནས་སྐབས་ལོ་གསར་མཁོ་ཆས་བཟོ་ས་བྱས་པ་དེས་གནས་སྤོས་མང་ཚོགས་ལ་ལོ་གསར་མཁོ་ཆས་ཉོ་བར་སྟབས་བདེ་བྱུང་བ་མ་ཟད། ད་དུང་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་ཀྱང་གསོག་ཐུབ་ཡོད། གོམ་སྟབས་རྗེས་མར། དབུལ་སྐྱོར་འཁོར་ཁང་དེ་མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོ་ས་དང་བྱེད་སྒོ་སྤེལ་ཡུལ་གཙོ་བོར་བྱས་ནས་ལོར་ཚོང་གཉེར་ཡོང་འབབ་སྒོར་ཁྲི་30རག་བཟོ་ཡོད་པ་རེད།

    བྱིས་པའི་མིག་སྲུང་གློག་སྒྲོན་སྤྲད་དེ་གནས་སྤོས་སློབ་མར་བྱམས་སྐྱོང་བྱས་པ། གནས་སྤོས་སློབ་མར་སློབ་སྦྱོང་ཡག་པོ་ཡོང་བ་དང་སྦྲགས་རང་ཉིད་ཀྱི་མིག་ལ་ཡང་གཅེས་སྤྲས་ཡག་པོ་བྱེད་རྒྱུའི་སྐུལ་ལྕག་གཏོང་ཆེད། 2022ལོའི་ཟླ་དང་པོར། ཁྲེང་ཀོན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་ཁྲེང་ཀོན་ཆུས་སློབ་གསོ་ཅུས་དང་མཉམ་དུ་དྲིན་སྐྱོང་གླིང་སྡེ་ཁུལ་དུ“གནས་སྤོས་སློབ་མར་བྱམས་སྐྱོང་བྱས་ནས་བརྩོན་སེམས་འཕེལ་བར་བྱེད། གྲོང་གསེབ་འཕེལ་རྒྱས་ལ་རམ་འདེགས་བྱས་ནས་དར་རྒྱས་ཡོང་བར་བྱེད”པའི་མིག་སྲུང་གློག་སྒྲོན་སྤྲོད་པའི་བྱེད་སྒོ་སྤེལ་རིང་། མིག་སྲུང་གློག་སྒྲོན་300ལྷག་སྤྲད་དེ་མིག་སྲུང་གློག་སྒྲོན་བེད་སྤྱོད་བྱེད་སྟངས་བསླབས་པ་དང་ཆབས་ཅིག བྱིས་པ་ཚོར་མིག་ལྟ་སྟངས་ཀྱི་གོམས་གཤིས་ཡག་པོ་འཇགས་དགོས་པའི་སློབ་གསོ་ཁྲིད་སྟོན་ཡང་བྱས་པ་རེད།

    དུས་ཆེན་རིང་། འཚམས་འདྲི་བྱས་ནས་དུས་ཆེན་གྱི་རྣམ་པ་ཟབ་མོ་བཏོད་པ། བོད་ཀྱི་ལོ་གསར་གོང་། ཁྲེང་ཀོན་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱིས་2022ལོའི“དུས་ཆེན་གསུམ”རིང་ཡུལ་གཞན་དུ་གནས་སྤོས་མང་ཚོགས་ལ་འཚམས་འདྲི་བྱེད་པའི་བྱེད་སྒོ་སྤེལ་ནས། ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་ཐུགས་ཁུར་གནང་ལུགས་མཚོན་པར་བྱས་པ་རེད། དུས་འགོའི་ཡོངས་བསྒྲགས་དང་ཆ་འཕྲིན་ཞིབ་བསྡུར་བྱས་རྗེས་དངུལ“ཀུན་འཐུས་གཱ”རུ་བླུགས་ནས་སྤྲོད་པ་དང་། ས་གནས་ས་ཐོག་གི་འཚམས་འདྲི་ཟུང་འབྲེལ་བྱས་ནས་གནས་སྤོས་དུད་ཚང་རེར་འཚམས་འདྲིའི་དངུལ་སྒོར་1000སྤྲད་དེ། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་བཀའ་དྲིན་ཚོར་བ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་ཆེ་རུ་བཏང་ནས། མུ་མཐུད་འབད་འབུངས་ཡར་བརྩོན་ངང་བདེ་སྐྱིད་ལྡན་པའི་འཚོ་བ་སྔར་བས་ཧུར་ཐག་གཏོད་དགོས་པའི་ལྕག་སྐུལ་བྱས་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།