དབུ་ཤོག>ཞིང་འབྲོག་གསར་པ།
  • གྲ་ནང་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང་ཚན་རྩལ་ཆེད་བསྐོས་ལས་བྱེད་པའི་འཇོན་ཐང་ཆེ་རུ་གཏོང་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-13

    ཉིན་ཤས་གོང་གསར་འགོད་པར་གྲ་ནང་རྫོང་གི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། གྲ་ནང་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང་ཚན་རྩལ་ཆེད་བསྐོས་ལས་བྱེད་པའི་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུ་དམ་འཛིན་བྱ་གཞིར་བྱས་ནས། གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།

    གྲ་ནང་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་ཆེད་བསྐོས་ལས་བྱེད་པ་དང་ཚན་རྩལ་ཆེད་བསྐོས་ལས་བྱེད་པར་ཆབ་སྲིད་ཐད་གོ་ཤེས་ཅན་ཞིག་བྱེད་དགོས་ཤིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་གཏིང་ཟབ་བྱེད་པ་དང་། ཏང་དང་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ཡག་པོ་བྱེད་པ། གྲོང་ཚོ“ཨུ་ལྷན་གཉིས”དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་ལ་གཞོགས་འདེགས་བྱས་ཏེ། མང་ཚོགས་ལ་དར་ཆ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་གྱི་འཐབ་རྩོད་བྱེད་པ་དང་ཆོས་ལུགས་ཀྱི་ཕན་མེད་ཤུགས་རྐྱེན་སེལ་བར་ཁྲིད་སྟོན་བྱེད་དགོས་པ་དང་། མང་ཚོགས་ཀྱི་སྙིང་ཉེ་བ་བྱེད་དགོས་ཤིང་། མང་ཚོགས་ཉེ་འཁོར་གྱི་དོན་ཆུང་རྣམས་དོན་ཆེན་དུ་བརྩིས་ཏེ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱི་དགོས་མཁོ་སྐོང་ཐབས་བྱེད་དགོས་པ། འཕེལ་རྒྱས་ཀྱི་སྣེ་ཁྲིད་པ་བྱེད་དགོས་ཤིང་། རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གྱིས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བར་ཐབས་འདོན་ཇུས་འབུལ་བྱེད་པ་དང་ཆབས་ཅིག གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཇུས་འདོན་པ་དང་ལས་རོགས་ཡག་པོ་བྱས་ནས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་པ། སྤྱོད་གཙང་རང་འདོམས་བྱེད་པ། གཟུགས་བརྙན་ཡག་པོ་གཏོད་པ་བཅས་བྱས་ཏེ། སྤྱོད་ཚུལ་ལེགས་པོ་དང་ཕུལ་བྱུང་གི་གྲུབ་འབྲས་ལ་བརྟེན་ནས་མང་ཚོགས་ཀྱི་རྒྱབ་སྐྱོར་དང་ཁས་ལེན་ཐོབ་པར་བྱེད་དགོས་པ་བཅས་ཀྱི་བླང་བྱ་བཏོན་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།