ཡུན་རིང་ཚུན་དུ། ལྷ་ས་གྲོང་ཁྱེར་གྱི་རྒྱ་ཆེའི་བུད་མེད་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ནས། དུས་རབས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་རང་རྟོགས་ངང་འཁུར་བ་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་འཐབ་ཕྱོགས་ཁག་ཏུ་དཔའ་ངར་ཆེར་སྐྱེད་དང་འབད་འབུངས་སྟོབས་བརྩོན་བྱས་ཏེ། བུད་མེད་ཚོའི་དཔའ་ཉམས་དང་འབད་འབུངས་ལ་བརྟེན་ནས་བྱ་སྤྱོད་ངོ་མར་བརྟེན་ནས་དུས་རབས་གསར་པའི་བུད་མེད་ཀྱི་ཉམས་འགྱུར་གང་ལེགས་མངོན་པར་བྱེད་ཀྱི་ཡོད།
“ཞོཌ་པ་བདེ་ལེགས། ད་ལྟ་ང་གནས་སའི་ས་ཆ་ནི་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་ཐང་དཀར་ཤང་རེད། སྟག་རྩེ་ཆུས་ཀྱི་ཐག་རིང་ཤོས་ཀྱི་ཤང་ཞིག་རེད། དེ་རིང་ངས་ཁྱེད་ཚོར་གྲོང་མི་ཚོས་ཆེད་མངཌ་བཟོས་པའི་ཁ་ཟས་ངོ་སྤྲོད་བྱེད་ཀྱི་ཡིན” བོད་ཀྱི་ལོ་གསར་གོང་གི་དུས་མཚམས་ཤིག་རིང་། དབང་མོ་ཧ་ཅང་བྲེལ་བ་ཆེན་པོ་ཡོད་པ་རེད། གང་ལཌ་ཤེ་ན་ཁོང་གིས་ཐད་གཏོང་ཁང་དུ་བོད་ཀྱི་ལོ་གསར་གྱི་མཁོ་ཆས་བཙོངས་ནས་ལྟད་མོ་བ་དང་གླེང་མོལ་བྱེད་དགོས་པ་མ་ཟད། ད་དུང་ཁ་ཟས་ཀྱི་ཁྱད་ཆོས་ཀྱང་ངོ་སྤྲོད་བྱེད་དགོས་ཀྱི་ཡོད། འདི་ལོའི་ཟླ་2ཚེས་12ཉིན་ཚོང་འགོ་ཚུགས་པ་ནས་ཟླ་2ཚེས་23ཉིན་འཚོང་མཇུག་འགྲིལ་བའི་བར། ཐད་གཏོང་ཐེངས་9ལ་ཁ་ཟས་རྒྱ་མ་ཁྲི་གཉིས་ལྷག་ཙམ་བཙོངས་ཐུབ་པས་དབང་མོ་དང་མཉམ་ལས་ཁང་གི་གྲོང་མི་ཚོ་དགའ་ཚོར་ཆེན་པོ་བྱུང་ཡོད།
དབང་མོས་ཐད་གཏོང་ཁང་དུ་འཚོང་བའི་ཁ་ཟས་ནི་སྟག་རྩེ་ཆུས་སྙེ་མའི་ཞིང་ལས་འདེབས་འཛུཌ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་ཞིང་དུད་57གྱིས་བཟོས་པ་ཞིག་རེད། ཞིང་དལ་དུས་སུ་མཉམ་ལས་ཁང་གིས་ཞིང་དུད་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། མཉམ་ལས་ཁང་གི་འགན་འཁུར་བ་ཚེ་རིང་ཆོས་སྒྲོན་གྱིས་ཁ་ཟས་བཟོ་བའི་བསམ་བློ་འཁོར་ནས་དེ་མུར་ལག་བསྟར་བྱས། འདི་ལོའི་ལོ་སྟོད་དུ་ཞིང་དུད་57གྱིས་ཁ་ཟས་བཟོ་འགོ་ཚུགས་མོད། འོན་ཀྱང་འཚོང་རྒྱུ་དེ་ཡང་དཀའ་གནད་ཅིག་ཏུ་གྱུར་ཡོད། ཁྲོམ་གཞུང་ཁོ་ནར་བཙོངས་ན་ཕན་འབྲས་ཐོན་ཐབས་བྲལ་བས་ཚེ་རིང་ཆོས་སྒྲོན་གྱིས་ཐད་གཏོང་ཟོག་ཚོང་བྱེད་རྒྱུའི་བསམ་བློ་འཁོར་ཏེ་ལམ་སེང་དབང་མོ་ཡིད་ལ་འཁོར།
ཐག་ཉེ་ས་ནས་ནང་མིར་ལྟ་རྟོག་ཐུབ་ཆེད་དབང་མོས་ཐད་གཏོང་ཟོག་ཚོང་གི་ལས་ལ་གཞོལ་འགོ་ཚུགས་ཤིང་། ན་ནིང་ནས་བཟུང་ཁོང་གིས་རང་ཉིད་ཀྱི་དོ་སྣང་བྱ་ཡུལ་ས་གནས་དེ་གའི་ཞིང་ལས་ཁྱད་ལྡན་ཐོན་རྫས་ལ་བཞག་སྟེ། རང་ཉིད“ཞིང་གསུམ”གྱི་སྙན་སྒྲོན་པ་གཙོ་བོ་ཞིག་བྱས་ནས་མཉམ་ལས་ཁང་ཁག་ཏུ་བསྐྱོད། ཐད་གཏོང་བྱས་ནས་ཞིང་ལས་ཁྱད་ལྡན་ཐོན་རྫས་ཁག་ལྗོངས་ཕྱི་ནང་དུ་བཙོངས་ཏེ་གྲོང་གསེབ་ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་འཕེལ་རྒྱས་གཏོང་ཆེད་རང་ཉིད་ཀྱི་ལེགས་སྐྱེས་ཕུལ། འདི་ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དབར་ཟླ་གཅིག་ཏག་ཏག་ཡོད་པས་ཁོང་གིས་ཐད་གཏོང་ཁང་དུ་ལོ་གསར་གྱི་མཁོ་ཆས་འཚོང་བའི་དུས་ཚོད་ནར་འགྱངས་བྱས་ཏེ། ཐད་གཏོང་ཁང་དུ་བྱ་ཚང་དང་ཐབ་ཚང་སོགས་མཉམ་ལས་ཁང་གི་ཡུལ་དངོས་ཐེངས་མང་བསྟན་ནས་ལོ་གསར་གྱི་མཁོ་ཆས་བཙོངས་པ་རེད།
ཁོང་གིས་གསར་འགོད་པར“རང་ཉིད་དགའ་པོ་ཡོད་པའི་བྱ་བ་བྱེད་ཐུབ་པ་དང་དེ་རྒྱུན་འཁྱོངས་ཐུབ་ཚེ་དངོས་གནས་བདེ་སྐྱིད་ཅིག་རེད་ལ། གྲུབ་འབྲས་ཐོབ་པའི་སྣང་བ་ཡང་ཡོང་གི་འདུག གྲོང་གསེབ་ནས་ཕྱིར་ཐོན་པའི་སློབ་ཆེན་སློབ་མ་དེ་བས་མང་པོ་ལས་རིགས་འདིར་ཞུགས་པའི་རེ་བ་ཡོད”ཅེས་བཤད།