འདི་ལོ་ལོ་53ལ་སླེབས་པའི་ཀུན་འཕེལ་ནི་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་གསོ་ཚགས་སྡེ་ཚན་གྱི་ཅིང་ལི་དང་སྲོག་ཆགས་ཀྱི་ནད་ཡམས་སྔོན་འགོག་བྱེད་མཁན་ཞིག་ཡིན་ཞིང་། ཀུང་སི་བཙུགས་པ་ནས་བཟུང་ཉང་གཡག་གསོ་ཚགས་ཀྱི་འཐབ་ས་དང་པོར་ལས་དོན་སྒྲུབ་བཞིན་ཡོད།
བོད་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་གིས་རྒྱུད་པ་བཟང་བའི་ཉང་གཡག་གི་ལེགས་ཆར་བརྟེན་ནས་འབྲོག་ལས་ཐོན་ལས་ཅན་གྱི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཧུར་ཐག་བཏང་སྟེ་2015ལོར་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས། “ཀུང་སི་དང་། རྟེན་གཞི། མཉམ་ལས་ཁང་། འབྲོག་དུད”བཅས་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ“ཤང་རེ་ལ་མཉམ་ལས་ཁང་རེ”དང“གྲོང་ཚོ་རེ་ལ་མཉམ་ལས་ཁང་རེ་ཡོད་པའི”འབྲོག་ཟོག་ཕྱིར་ཚོང་འཐབ་ཇུས་ལ་སྐུལ་འདེད་ཧུར་ཐག་བཏང་བ་དང་། ཤ་དང་འོ་མ་ཉོ་སྒྲུབ་དང་འབྲོག་ཟོག་ལས་སྣོན་ཕྱིར་ཚོང་བྱས་པས་ཉང་གཡག་གི་སྙན་གྲགས་གང་སར་ཁྱབ་ནས་གྲོང་གསེབ་ཀྱི་ལས་ཞུགས་དང་ཕྱུག་འགྱུར་ལ་སྐུལ་ཁྲིད་ཐུབ་ཡོད།

འདི་ནི་ལས་དོན་མི་སྣས་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་ཞོ་ཐོན་སྐྱེད་འཁོར་ཁང་དུ་ལས་ཀ་བྱེད་བཞིན་པ།

འདི་ནི་ཀུན་འཕེལ་གྱིས་བོད་ལྗོངས་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིའི་གསོ་ཚགས་ཁང་དུ་ལས་ཀ་བྱེད་བཞིན་པ།