དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱིས་འབྲུ་རིགས་འདེབས་མཁན་ཞིང་པར་སྤྲོད་ཐེངས་གཅིག་གི་ཁ་གསབ་དངུལ་སྒོར་ཁྲི་3155སྤྲོད་རྒྱུ་ཡིན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-06

    ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་ཞིང་ལས་གྲོང་གསེབ་ཁྲུའུ་ནས་ཤེས་རྟོགས་བྱུང་བར། 2021ལོ་ཚུན་དུ། ཀྲུང་དབྱང་ནོར་སྲིད་ཀྱིས་བོད་ཀྱི་འབྲུ་རིགས་འདེབས་མཁན་ཞིང་པར་རིམ་རྩིས་བརྒྱབ་ན་སྤྲོད་ཐེངས་གཅིག་གི་ཁ་གསབ་དངུལ་སྒོར་ཁྲི་6248སྤྲོད་རྒྱུ་ཡིན་པ་ལས་2021ལོར་སྒོར་ཁྲི་3093དང་2022ལོར་སྒོར་ཁྲི་3155སྤྲོད་རྒྱུ་ཡིན་པ་རེད། 2021ལོའི་འབྲུ་རིགས་འདེབས་མཁན་ཞིང་པར་སྤྲོད་ཐེངས་གཅིག་གི་ཁ་གསབ་དངུལ་སྤྲད་ཟིན་པ་དང་། 2022ལོའི་ཁ་གསབ་དངུལ་སྤྲོད་པའི་ལས་དོན་སྤེལ་བཞིན་ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། བོད་རང་སྐྱོང་ལྗོངས་ནོར་སྲིད་ཐིང་དང་ཞིང་ལས་གྲོང་གསེབ་ཐིང་གིས་མ་དངུལ་བསྡོམས་འབོར་དང་། གྲོང་ཁྱེར་དང་ས་ཁུལ་ཁག་གི་འབྲུ་རིགས་འདེབས་ཁྱོན། འབྲུ་རིགས་ཐོན་སྐྱེད་སོགས་རྒྱུ་རྐྱེན་དང་ཟུང་འབྲེལ་བྱས་ནས་གཤམ་སྤྲོད་མ་དངུལ་བགོ་བཤའ་བརྒྱབ་པ་དང་། ལྗོངས་ཡོངས་ཀྱི་མུའུ་རེའི་ཁ་གསབ་ཚད་གཞི་སྒོར་11.2ཡིན་པ་རེད། གྲོང་ཁྱེར་དང་ས་ཁུལ་ཁག་དང་རྫོང་དང་ཆུས་ཁག་གིས་འཕྲལ་དུ“གཱ(བཅོལ་འཛིན)གཅིག་ཀུན་འཐུས”སོགས་བརྒྱུད་ཁ་གསབ་དངུལ་འབྲུ་རིགས་འདེབས་མཁན་ཞིང་པའི་ལག་ཏུ་དངོས་སུ་སྤྲད་པ་དང་ཆབས་ཅིག་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཆ་འཕྲིན་ཡོངས་བསྒྲགས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་པ་རེད།

    སྡེབ་གཅིག་མའི་ཁ་གསབ་དངུལ་སྤྲོད་ཡུལ་ནི་འབྲུ་རིགས་དངོས་སུ་འདེབས་མཁན་ཞིང་པ་ཚོ་ཡིན་ལ་ཞིབ་ཕྲ་དབྱེ་ན་རང་ཉིད་ཀྱི་འགན་གཙང་འཁྲིའི་ཞིང་ཁར་འབྲུ་རིགས་འདེབས་མཁན་ཞིང་པ་དང་། དེ་བཞིན་ས་ཞིང་ནང་བཤུག་བཏང་ནས་འབྲུ་རིགས་འདེབས་མཁན་ཞིང་དུད་ཆེན་པོ་དང་། ཁྱིམ་ཚང་ཞིང་ར། ཞིང་པའི་མཉམ་ལས་ཁང་། ཞིང་ལས་ཁེ་ལས་སོགས་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པ་ཚུད་ཡོད། འབྲུ་རིགས་རྨོ་འདེབས་སྡུད་གསུམ་གྱི་བརྒྱུད་རིམ་ཧྲིལ་པོའི་སྤྱི་ཚོགས་ཅན་གྱི་ཞབས་འདེགས་ཞུ་མཁན་མི་སྒེར་དང་རྩ་འཛུགས་ཡིན་ཚེ། ཞབས་ཞུའི་ཕྱོགས་གཉིས་པོའི་གན་རྒྱའི(གྲོས་མཐུན)ནང་གཏན་འཁེལ་བྱས་པ་ལྟར་རྫོང་དང་ཆུས་ཀྱིས་དོན་དངོས་དང་ཟུང་འབྲེལ་བྱས་ནས་ཁ་གསབ་སྤྲོད་ཡུལ་གཏན་འཁེལ་བྱེད་དགོས་མོད། རྩ་དོན་ཐོག་ནས་ཞིང་ལས་ཐོན་སྐྱེད་རྒྱུ་ཆའི་རིན་གོང་འཕར་བའི་མ་གནས་གཏོང་མཁན་ཐོན་སྐྱེད་བྱེད་མཁན་དེ་ལ་སྤྲོད་དགོས། ས་ཞིང་ནང་བཤུག་བཏང་ནས་འབྲུ་རིགས་འདེབས་མཁན་མི་སྒེར་དང་རྩ་འཛུགས་ཡིན་ཚེ། ནང་བཤུག་གན་རྒྱ(གྲོས་མཐུན)གཞིར་བཟུང་ནས་ཁ་གསབ་སྤྲོད་ཡུལ་གཏན་འཁེལ་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།