དབུ་ཤོག>ཞིང་འབྲོག་གསར་པ།
  • རང་ལྗོངས་ཀྱིས་རྫས་ལུད་དང་ཞིང་སྨན་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་སྤེལ་ནས་ས་མཐོའི་ས་གཙང་ལ་སྲུང་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-06

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འཐབ་ཇུས་དོན་འཁྱོལ་ནན་ཏན་བྱས་ནས་ལྗང་མདོག་སྣེ་ཁྲིད་ཀྱིས་རྫས་ལུད་དང་ཞིང་སྨན་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་བྱ་སྤྱོད་ལག་བསྟར་བྱེད་རྒྱུ་མཐའ་འཁྱོངས་ཀྱིས་རྫས་ལུད་དང་ཞིང་སྨན་ཉུང་དུ་གཏོང་བ་དང་ཕན་འབྲས་ཆེ་རུ་གཏོང་བའི་ལག་རྩལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ། ཞིང་ལས་ལྗང་མདོག་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བར་བརྟེན་ནས་ས་གཙང་སྲུང་སྐྱོང་གི་དམག་འཐབ་ཡག་པོ་བརྒྱབ་པ་རེད།

    ལྗོངས་ཡོངས་ཀྱི་ས་གནས་ཁག་གིས་ས་དཔྱད་ལུད་སྦྱོར་དང་རྫས་ལུད་རྒྱག་པའི་ལག་རྩལ་གྲོང་ཚོ་དང་དུད་ཚང་དང་ཞིང་ཁར་ཁྱབ་གདལ་ཤུགས་ཆེན་བཏང་བས་ལྗོངས་ཡོངས་ཀྱི་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང་དང་ཆུས་35ཡི་ས་དཔྱད་ལུད་སྦྱོར་དང་རྫས་ལུད་རྒྱག་པའི་རྣམ་གྲངས་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད། རྫས་ལུད་གསར་པའི་ཚོད་ལྟའི་དཔེ་སྟོན་ལས་དོན་སྤེལ་ནས་2021ལོར་ལྗོངས་ཡོངས་ཀྱི་ཚོང་ཟོག་སྐྱེ་ལྡན་ལུད་སྤྱོད་ཚད་ཏུན་ཁྲི་12ཟིན་པ་རེད།

    ཞིང་སྨན་སྤྱོད་ཚད་ཉུང་དུ་གཏོང་བར་སྐུལ་འདེད་ནུས་ལྡན་གཏོང་ཆེད། རང་ལྗོངས་ཀྱིས་འབྲུ་རིགས་ཐོན་ཁུལ་གཙོ་བོའི་རྫོང་དང་ཆུས་35ལ་ཞིང་ལས་སྐྱེ་དངོས་ཀྱི་ནད་འབུ་དང་རྩྭ་ངན་གྱི་གནོད་པ་མཉམ་འགོག་མཉམ་བཅོས་དང་སྔོན་འགོག་དང་ཚོད་འཛིན་མཉམ་འདྲེས་ཀྱི་འབྱུང་འཕྲོད་དཔེ་སྟོན་རྟེན་གཞི་བཙུགས་ནས་དཔེ་སྟོན་རྟེན་གཞི་རེར་མཉམ་འགོག་མཉམ་བཅོས་ཀྱི་རྒྱ་ཁྱོན་མུའུ་ཁྲི་0.3ནས་མུའུ་ཁྲི་1བར་བསྐྲུན་པ་དང་མུའུ་ཁྲི་3ནས་མུའུ་ཁྲི་10བར་ཁྱབ་འགྱེད་སྐུལ་ཁྲིད་བྱས་ཡོད་པ་རེད། ལོ་ལྟར་མུའུ་ཁྲི་190ཙམ་གྱི“བོད་ནས་ཨང་2000”སོགས་ཐོན་འབབ་མཐོ་ལ་ནད་འབུ་འགོག་ཐུབ་པའི་ནས་ཀྱི་སོན་གསར་ཁྱབ་གདལ་བཏང་ནས་སྟབས་བདེ་ཅན་དང་། འཕྲུལ་ཆས་ཅན། ལེགས་བསྡུས་ཞིབ་གཉེར་ཅན་བཅས་ཀྱི་འབྱུང་འཕྲོད་ཐོན་འབབ་མཐོ་ཞིང་ཕན་འབྲས་ཆེ་བའི་ཐོན་སྐྱེད་ལག་རྩལ་ཁྱབ་གདལ་བཏང་བ་དང་། རིགས་གཅིག་མཁས་ཅན་དང་ལག་རྩལ་བ་སྒྲིག་འཛུགས་བྱས་ནས་ཞིང་ནང་དང་མུ་ཁར་ཚན་རྩལ་ཞབས་འདེགས་ལས་དོན་སྤེལ་ཏེ། ལྗོངས་ཡོངས་ཀྱི་འབྲུ་རིགས་བདེ་འཇགས་དང་ལྷག་པར་དུ་ནས་ཀྱི་ཐོན་འཕར་འབབ་འཕར་ལ་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།