དབུ་ཤོག>ཞིང་འབྲོག་གསར་པ།
  • “རྒྱུན་མཐུད་བཞི”ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་གཏོང་སྤྲོད་ལས་དོན་སྒྱུར་བཅོས་གཏིང་ཟབ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    ཉེ་བའི་ལོ་ཤས་རིང་། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་གིས“དམངས་ལ་གཏོང་སྤྲོད”ཞབས་འདེགས་ཞུ་བའི་འདུ་ཤེས་ལག་ལེན་གཏིང་ཟབ་བསྟར་ནས་ཞིང་འབྲོག་ཁུལ་ལ་གཏོང་སྤྲོད་ཞབས་འདེགས་ཞུ་བའི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་མུ་མཐུད་ཟབ་ཏུ་དང་གཏོང་སྤྲོད་ཀྱི་ཀུན་ཕན་འདུ་འགོད་འཕེལ་རིམ་ལ་སྐུལ་འདེད་བཏང་སྟེ་སྟབས་བདེ་ཞིང་སྤུས་ཚད་ལེགས་པའི་དངུལ་རྩའི་ཞབས་ཞུ་གཞི་རིམ་དུ་རྒྱུན་མཐུད་ངང་སྣུར་སྲིང་བྱས་ཡོད།

    འགག་སྒྲོལ་དཀའ་སེལ་བྱས་ནས་ཞིང་འབྲོག་ཁུལ་གྱི་གཞི་རིམ་དངུལ་རྩའི་ཞབས་འདེགས་མ་ལག་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་བཏང་ཞིང་། མིག་སྔའི་བར་གྲོང་ཁྱེར་ཡོངས་སུ་ཞིང་སྐྱོར་དངུལ་ལེན་ཞབས་ཞུའི་ས་ཚིགས་1198བཙུགས་པ་དེ་ཤང་དང་གྲོང་རྡལ་114དང་སྲིད་འཛིན་གྲོང་ཚོ་1145ཟིན་པའི་རྫོང་དང་། ཆུས། ཤང་། གྲོང་ཚོ་བཅས་ཚང་མར་ཁྱབ་ནས་སྲིད་འཛིན་གྲོང་ཚོར་ཁེབས་ཚད་96%ཟིན་གྱི་ཡོད་པ་རེད།

    རིམ་སྤོར་བྱས་ནས་དངུལ་རྩའི་ཕྱོགས་བསྡུས་ཞབས་ཞུའི་ས་ཚིགས་ཚད་ལྡན་ཅན་གྱི་ཕྱོགས་སྒྱུར་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་ཤུགས་སྣོན་བརྒྱབ་ཅིང་། མིག་སྔའི་བར་ས་གནས་དེ་གའི་ཞིང་འབྲེལ་དངུལ་རྩའི་སྒྲིག་གཞིས་ཤང་དང་གྲོང་རྡལ་ལ་དངུལ་རྩའི་དྲ་ཚིགས་65བཙུཌ་པ་དང་། དངོས་རྩའི་དྲ་ཚིགས་མེད་པའི་ཤང་དང་གྲོང་རྡལ་ལ་དངུལ་རྩའི་ཕྱོཌ་བསྡུས་ཞབས་ཞུའི་ས་ཚིགས་18གསར་དུ་བཙུཌ་ནས་ཞིང་འབྲོག་ཁུལ་གྱི་རྨང་གཞིའི་དངུལ་རྩའི་ཞབས་ཞུའི་མ་ལག་ནུས་ལྡན་ངང་ལེཌ་སུ་ཕྱིན་ཡོད་པ་རེད།

    རྗེས་སྙེག་མཆོང་སྐྱོད་བྱས་ནས“སྦར་མཐིལ་དངུལ་ཁང”ཁྱབ་གདལ་མུ་མཐུད་ཤུགས་ཆེན་བཏང་ཞིང་། མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ལྟེ་བའི་ཉིང་ལག་དངུལ་ཁང་ཞིང་འབྲེལ་དངུལ་རྩར་སྐུལ་འདེད་གཏོང་བའི་སྒྲིག་གཞིས་“གྲོང་གསེབ་དར་རྒྱས”ཀྱི་བརྗོད་དོན་གཙོ་བོའི་གསོ་སྦྱོང་འཛིན་གྲྭ་གཉེར་ནས་ཞིང་སྐྱོར་དངུལ་ལེན་ཞབས་ཞུ་བར་འཕྲུལ་ཆས་སྤྱོད་སྟངས་བསླབས་ཤིང་། མིག་སྔའི་བར་དངུལ་ཁང་དེས“སྦར་མཐིལ་དངུལ་ཁང་གྲོང་ཚོ”1174བཙུགས་ནས་རྫོང་ཁོངས་ཀྱི་ཞིང་འབྲེལ་དངུལ་རྩའི་སྒྲིག་གཞིས་བོད་ཡིག་གི་སྦར་མཐིལ་དངུལ་ཁང་ཁྱབ་གདལ་ཤུགས་ཆེན་གཏོང་རྒྱུར་ཁྲིད་སྟོན་བྱས་ཏེ་རྒྱ་ཆེའི་མང་ཚོཌ་ལ་སྦར་མཐིལ་དངུལ་ཁང་བཀོལ་སྤྱོད་ཀྱི་གནད་འགག་དང་བཀོལ་སྤྱོད་བྱེད་སྟངས་བསླབས་པ་རེད།

    མཉམ་སྐྲུན་མཉམ་སྤྱོད་བྱས་ནས་ཞིང་སྐྱོར་དངུལ་ལེན་ས་ཚིགས་དང་གློག་རྡུལ་ཚོང་དོན་མཉམ་འདྲེས་ནུས་ལྡན་ཐུབ་རྒྱུར་མུ་མཐུད་སྐུལ་འདེད་བཏང་ཞིང་། མིག་སྔའི་བར་ཁོངས་གཏོགས་དངུལ་ཁང་སྒྲིག་གཞིས་རང་སོའི“ཞིང་སྐྱོར་དང་དྲ་ཐོག་ཚོང་ཁང་ཟུང་དུ་འབྲེལ་བའི”ལས་སྟེགས་བརྒྱུད་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་སྣེ་ཁ་40ལྷག་ཙམ་འཚོང་རོགས་དང་ཉོ་ཚོང་གྲངས་འབོར་3850བྱས་པར་ཡོང་འབབ་སྒོར་ཁྲི་163.13ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།