ད་ཕན་ལོ་ཤས་རིང་ཉིང་ཁྲི་གྲོང་ཁྱེར་གྱིས་ཉིང་ཁྲི་གྲོང་ཁྱེར་གྱི་ཡུལ་མཇུག་ཕུགས་འདུན་གྲོང་རྡལ་ཆུང་ངུ་དང་། དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་ས་བབ་ཀྱི་ལེགས་ཆ། ཐོན་ལས་མང་པོ་མཉམ་གནས་ཀྱི་ཕན་འབྲས་བཅས་ལ་བརྟེན་ནས་2020ལོའི་ཟླ་བཅུ་པར་ཉིང་ཁྲི་གྲོང་ཁྱེར་གྱི་དྲ་ཐོག་ཚོང་དོན་འཛད་སྤྱོད་རོགས་སྐྲུན་གྱི་ཁྲོམ་གཞུང་བཙུགས་ཏེ་ཁེ་ལས་ཀྱིས་ཐོན་ཟོག་སྤུས་དག་བཏོན་ནས་གཞིས་ཆགས་རྒྱུར་བློ་འགུགས་ཐབས་དང་འཛད་སྤྱོད་པས་ཐོན་ཟོག་ཉོ་བའི་ཐབས་ལམ་ལ་བརྟེན་ནས་འཛད་སྤྱོད་ལ་རོགས་སྐྱོར་བྱས་ཏེ་གྲོང་གསེབ་དར་རྒྱས་ཡོང་བར་བྱས་ཡོད།
དྲ་ཐོག་ཚོང་དོན་འཛད་སྤྱོད་རོགས་སྐྲུན་གྱི་ཁྲོམ་གཞུང་བཙུགས་པ་ནས་བཟུང་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་དབུལ་སྒྲོལ་མང་ཚོགས་ལ་རྒྱུན་མཐུད་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩིས་ནས་ཡུལ་དེའི་ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུགས་ཏེ་ཐོན་ལས་འཁོར་འབྲེལ་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ་དང་དབུལ་སྒྲོལ་མང་ཚོགས་ལ་དམིགས་པའི་ལས་ཞུཌ་ལས་གནས་མང་དུ་བཏང་ཡོད། 2021ལོའི་ཟླ་དགུ་པ་བར་ཁྱོན་དབུལ་སྒྲོལ་མང་ཚོགས་993ལས་ཞུཌ་ཡོང་བར་བྱས་ཏེ་དབུལ་སྒྲོལ་དུད་ཚང་ལ་སྒོར་ཁྲི་136.55བགོ་འགྲེམས་བརྒྱབ་པ་རེད།
དྲ་ཐོག་ཚོང་དོན་འཛད་སྤྱོད་རོགས་སྐྲུན་གྱི་ཁྲོམ་གཞུང་ལ་གྲོང་ཁྱེར་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྤྱི་པའི་ཞབས་ཞུའི་ལྟེ་གནས་དང་ཐོན་ཟོག་ཐད་ཚོང་ཁུལ(དྲ་ཕྱིའི་དྲ་ཐོག་ཚོང་དོན་ཉམས་ལེན་ལྟེ་གནས)བཙུགས་ཏེ་ཅིང་ཏུང་དང་ཐའོ་པའོ་སོགས་དྲ་ཐོག་ཚོང་ཁང་དང་འབྲེལ་མཐུད་བྱས་ནས་དྲ་ཐོག་ནས་ཐོན་ཟོག་ཕྱིར་ཚོང་བྱེད་པའི་ཐབས་ལམ་རྒྱ་ཆེར་བཏང་བ་རེད།