དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་རིན་ཐད་ཀར་རྩིས་རྒྱག་པ་ལས་མི་ཐེངས་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-03-25

    ཚེས་22ཉིན་གསར་འགོད་པར་བོད་རང་སྐྱོང་ལྗོངས་སྨན་བཅོས་འགན་སྲུང་ཅུས་ནས་ཤེས་རྟོགས་བྱུང་བར། བོད་ཀྱི་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་རིན་ཐད་ཀར་རྩིས་རྒྱག་སྟངས་རྦད་དེ་ཁྱབ་ནས། ཟླ་3ཚེས་20ཉིན་བར་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་ལས་མི་ཐེངས་ཁྲི་30ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད།

    རྒྱལ་ཁབ་སྨན་བཅོས་འགན་སྲུང་ཆ་འཕྲིན་ལས་སྟེགས་བོད་ལྗོངས་ལས་སྟེགས་2021ལོའི་ཟླ་7ཚེས་31ཉིན་ནས་དངོས་སུ་དྲ་ཐོག་ཏུ་སྤྱོད་འགོ་ཚུགས་ཚུན། བོད་ཀྱི་འགན་བཅོལ་ནང་ཞུགས་མཁན་ལ་རྦད་དེ་ཁྱབ་པ་དང་དེ་བཞིན་རྫོང་དང་ཆུས་74ཚང་མར་ཁྱབ་ནས། མིག་སྔར་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་123ལ་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་སྡོད་པ་དང་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གི་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཞབས་ཞུ་ཤར་གཏོང་ཐུབ་ཡོད། ཟླ་3ཚེས་20ཉིན་བར། བོད་དང་ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར་བཅས་གཞན་དག་དབར་ཐོན་པའི་སྨན་ཁང་དུ་སྡོད་པ་དང་། སྒོ་བསྟེན་སྨན་ཁང་དང་དེ་བཞིན་སྨན་ཉོའི་གྲོན་དངུལ་ཞིང་ཆེན་སྒྲོལ་ནས་ཐད་ཀར་རྩིས་རྒྱག་མཁན་མི་ཐེངས་8000དང་། ཁྲི་8.8 ཁྲི་20.6བཅས་ལྷག་ཙམ་སོ་སོར་ཟིན་པ་རེད།

    དེ་དང་ཆབས་ཅིག བོད་ཀྱི་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཁྱབ་རྒྱ་དེ་སྨན་ཁང་དུ་སྡོད་པ་དང་། སྤྱིར་བཏང་སྒོ་བསྟེན་སྨན་ཁང་། སྨན་ཉོ་བ་བཅས་ནས་སྒོ་བསྟེན་སྨན་བཅོས་ཀྱི་གཅོང་ནད་དང་དམིགས་བསལ་ནད་གཞི་ཚབས་ཆེན་བར་ཆེ་རུ་བཏང་སྟེ། མིག་སྔར་དྲ་སྦྲེལ་དམིགས་བཙུགས་སྨན་བཅོས་སྒྲིག་གཞི་གཉིས་ཀྱིས་ཁྲག་ཤེད་མཐོ་བའི་ནད་དང་། གཅིན་སྙི་ཟགས་ཁུའི་ནད། ངན་སྐྲན་གྱི་སྒོ་བསྟེན་སྨན་ཁང་གི་རྫས་འགྱུར་སྨན་བཅོས་སོགས་ཚུད་པའི་སྒོ་བསྟེན་སྨན་ཁང་གི་གཅོང་ནད་དང་དམིགས་བསལ་ནད་གཞི་ཚབས་ཆེན་རིགས་ལྔའི་སྨན་རིན་ཞིང་ཆེན་སྒྲོལ་ནས་ཡུལ་གཞན་དུ་སྨན་རིན་ཐད་ཀར་རྩིས་རྒྱག་པའི་ཁྱབ་ཁོངས་ནང་བཅུག་ཡོད། སྨན་རིན་ཐད་ཀར་རྩིས་རྒྱག་པའི་བརྒྱུད་རིམ་ཡང་དྲ་ཕྱིའི་ལས་མིས་རྩིས་རྒྱག་པ་ནས་དྲ་ཐོག་བར་སྣུར་བསྲིང་བྱས་ཏེ། ལག་ཐོགས་ཁ་པར་གཅིག་ནས་སྨན་བཅོས་འགན་བཅོལ་གྱི་འགན་ཞུགས་མི་སྣས་སྨན་ཁང་དུ་སྡོད་པ་དང་། སྒོ་བསྟེན་སྨན་ཁང་དུ་སྨན་བཅོས་བྱེད་པ། སྨན་ཉོ་བ་བཅས་ཀྱི་སྨན་རིན་ཐད་ཀར་རྩིས་རྒྱག་ཐུབ་ཀྱི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།