དབུ་ཤོག>ཞིང་འབྲོག་གསར་པ།
  • རྒས་འཁོགས་ལ་རིམས་འགོག་སྨན་ཁབ་གང་མགྱོགས་རྒྱོབ་དང་།

  • ཡོང་ཁུངས།  བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།   |     སྤེལ་དུས།  2022-03-25

    རང་ལྗོངས་ཀྱི་མིག་སྔའི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་འཕེལ་རིམ་དང་དེ་བཞིན་མི་ཚོགས་ལ“རྒྱག་དགོས་རིགས་ཚང་མར་རྒྱག་པའི”རྩ་དོན་ལྟར། ད་ལྟའི་དུས་མཚམས་ཀྱི་རང་ལྗོངས་ཀྱི་ཏོག་གསར་རིམས་འགོག་སྨན་ཁབ་རྒྱག་པའི་ལས་ཀའི་གཙོ་གནད་ནི་ལོ་60ཡན་སླེབས་པའི་རྒན་རྒོན་ལ་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་སྤེལ་དགོས་པ་འདི་རེད། དེར་བརྟེན། རང་སྐྱོང་ལྗོངས་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱི་རིམས་འགོག་འཆར་འགོད་ཁང་གི་གཙོ་གཉེར་སྨན་པ་ཐན་ཐན་གྱིས་ཟླ་3ཚེས་21ཉིན་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། རྒན་རྒོན་གྱི་གཟུགས་པོའི་ནད་འགོག་ནུས་པ་ཞན་དུ་སོང་བའི་རྐྱེན་གྱིས་དུས་རྒྱུན་ནས་ནད་གཞི་ཕོག་སླ་བས། ཏོག་གསར་ནད་དུག་འགོས་རྗེས་ནད་གཞི་ཚབས་ཆེན་ཕོག་པ་དང་འཆི་བའི་ཉེན་ཁ་ཆེན་པོ་ཡོད། རིམས་འགོག་སྨན་ཁབ་ཀྱིས་ནད་གཞི་ལྕི་པོ་མི་ཕོག་པ་དང་འཆི་བའི་ཉེན་ཁ་ཆུང་དུ་གཏོང་བ་སོགས་ལ་ཕན་འབྲས་བཟང་པོ་ཐོན་གྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་རིམས་འགོག་སྨན་ཁབ་མ་འཕྲོད་པའི་རིགས་མེད་ཚེ་རྒན་རྒོན་ཚོས་རང་འགུལ་ངང་ཏོག་གསར་ནད་དུག་གི་རིམས་འགོག་སྨན་ཁབ་རྒྱག་པ་དང་འབྲེལ་སྨན་ཁབ་ཐེངས་གསུམ་ཀ་གང་མགྱོགས་རྒྱག་དགོས་པའི་གྲོས་འགོ་བཏོན་པ་རེད།

    ཆེད་དོན་བཅར་འདྲི་དང་ལེན་བྱེད་རིང་། ཐན་ཐན་གྱིས་ད་དུང་རྒན་རྒོན་ཚོས་རིམས་འགོག་སྨན་ཁབ་མ་བརྒྱབ་གོང་ངེས་པར་དུ་རང་འགུལ་ངང་སྨན་པར་བདེ་ཐང་གནས་ཚུལ་དང་། ཉེ་དུས་སྨན་ཁབ་གཞན་དག་བརྒྱབ་ཡོད་མེད། སྨན་གང་བཟས་ཡོད་མེད། འཕྲོད་ཀྱི་ཡོད་མེད་སོགས་གསལ་པོ་བཤད་དེ་སྨན་པར་ཏོག་གསར་རིམས་འགོག་སྨན་ཁབ་བརྒྱབ་ན་འགྲིག་གི་ཡོད་མེད་སྐད་ཆ་གསལ་པོ་འདྲི་དགོས་པའི་ཤ་ཚའི་དྲན་སྐུལ་ཡང་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།