དབུ་ཤོག>ཞིང་འབྲོག་གསར་པ།
  • སྟེག་རྩེ་ཆུས་ཐང་དཀར་གྲོང་ཚོས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-18

     ཉེ་ཆར་གསར་འགོད་པར་སྟག་རྩེ་ཆུས་ཐང་དཀར་ཤང་ཐང་དཀར་གྲོང་ཚོ་ནས་ཤེས་རྟོགས་བྱུང་བར། 2021ལོ་ནས་བཟུང་ཐང་དཀར་གྲོང་ཚོས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དེ“ངས་མང་ཚོགས་ལ་བྱ་བ་དངོས་སྒྲུབ་པའི”ལག་ལེན་བྱེད་སྒོའི་ནང་དོན་གལ་ཆེན་ལ་བརྩི་བ་དང་ཞིང་ལས་སྟོབས་ཆེར་གཏོང་བ་དང་། གྲོང་གསེབ་མཛེས་སུ་གཏོང་བ། ཞིང་པ་ཕྱུག་པོར་ཆགས་པ་བཅས་ཀྱི་བྱ་ཐབས་གལ་ཆེན་ལ་བརྩིས་ནས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་མཛུབ་ཁྲིད་མཐའ་འཁྱོངས་ཀྱིས། འཕེལ་རྒྱས་ཀྱི་ཐབས་ལམ་ལེགས་པར་བདམས་ཏེ་ཐང་དཀར་གྲོང་ཚོར་འཚམ་པའི་ཞིང་ལས་ཕྱོགས་བསྡུས་འཕེལ་རྒྱས་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་ཞིག་འཚོལ་ཞིབ་བྱས་པ་རེད།

    2021ལོའི་ཟླ་12བར་གྲོང་ཚོའི་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་320ཟིན་པ་དང་2021ལོའི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་100ལས་བརྒལ་ནས་2021ལོའི་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་22082.58ཟིན་ཡོད་པ་རེད།

    “གོམ་སྟབས་རྗེས་མར་ང་ཚོས་ད་ཡོད་ཀྱི་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་གཞི་ཁྱོན་ཆེ་རུ་བཏང་སྟེ་ཞིང་ལས་འཕྲུལ་ཆས་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་བརྟེན་ནས་མང་ཚོགས་དེ་བས་མང་བ་ལས་ཞུགས་གཞན་སྒྱུར་ཐུབ་པར་བྱས་ནས་མང་ཚོགས་ཀྱི་ཡོང་འབབ་འཕར་བར་སྐུལ་འདེད་ཏན་ཏིག་གཏོང་གི་ཡིན”ཞེས་ཐང་དཀར་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་བྱམས་པ་ཡེ་ཤེས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།