དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་གསེབ་ཐོན་ལས་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-18

    གྲོང་སྡོད་ལས་དོན་རུ་ཁག་ཁག་བཅུ་པ་བཅའ་སྡོད་བྱས་ཚུན། ཐོན་ལས་འཕེལ་རྒྱས་བཏང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ་དམིགས་ཚད་དུ་བྱས་ཏེ་དུས་གོང་བརྟག་ཞིབ་ལས་དོན་ཧུར་ཐག་སྤེལ་ནས་དོན་དངོས་དང་མཐུན་པའི་བརྟག་ཞིབ་སྙན་སེང་གྲུབ་པར་བྱས་པ་དང་དངོས་ཐོག་བདེན་འཚོལ་ངང་རྣམ་གྲངས་འཚོལ་ཞིབ་བྱས་ནས་རྣམ་གྲངས་དོན་འཁྱོལ་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་རེད། ཉིན་ཤས་གོང་གསར་འགོད་པས་སྙེ་མོ་རྫོང་དར་རོང་གྲོང་རྡལ་ཟགས་རི་གྲོང་ཚོ་ནས་ཤེས་རྟོགས་བྱས་པར། གྲོང་སྡོད་ལས་དོན་རུ་ཁག་གིས་བརྟག་ཞིབ་རྣམ་གྲངས་ཁག་བཞི་ལེགས་གྲུབ་བྱས་པ་དང་བརྟན་ཞིབ་སྙན་སེང་3གྲུབ་པར་བྱས་པ་མ་ཟད། མི་ཐེངས་284ལ་བརྟག་ཞིབ་ཡིག་རྒྱུཌ་བཏང་བ་རེད།

    2021ལོའི་ཟླ་བརྒྱད་པར་ཟགས་རི་གྲོང་ཚོའི་གཟན་ཆགས་ལས་ཚབ་ཚོང་གཉེར་མཉམ་ལས་ཁང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། མིག་སྔའི་བར་རྫོང་དེ་ཡོངས་ཀྱི་ཁྱིམ་ཚང་གསོ་ཚགས་ར་བར་གྲོ་དང་གཟན་ཆགས་རྩེ་གྲ་ཏུན་400ཙམ་མཁོ་འདོན་བྱས་པས་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་160ཙམ་བྱུང་བ་མ་ཟད། མང་ཚོགས་16ལས་ཞུགས་ཐུབ་པ་དང་གྲོང་མིའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་200བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་བཏོད་པ་རེད།

    གཞན་ཡང་། ཐོན་ལས་དར་རྒྱས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད། གྲོང་སྡོད་ལས་དོན་རུ་ཁག་གིས་ད་དུང་གྲོང་སྡོད་ཚན་པ་དང་འབྲེལ་མཐུད་བྱས་ཏེ་ཏང་འཛུགས་སྐྱོང་དང་མཉམ་སྡེབ་དཔལ་འབྱོར་ཐོན་ལས་ཀྱི་རྣམ་གྲངས་ཁྱོན་3རེ་བ་ཞུས་པ་མ་དངུལ་སྒོར་ཁྲི་1000ཙམ་དང་འབྲེལ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།