ཉེ་ཆར་གསར་འགོད་པས་རང་སྐྱོང་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་ཤེས་རྟོགས་བྱས་པར། དུས་ཚིགས་དང་པོའི་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་ལེགས་གྲུབ་དང་། 2022ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ལ་གཏན་འཇགས་མ་དངུལ་གཏོང་ཚད་སྒོར་དུང་ཕྱུར་216ཟིན་རྒྱུའི་དམིགས་ཚད་ལས་འགན་ལེགས་གྲུབ། རང་ལྗོངས་ཀྱི་འགྲིམ་འགྲུལ་ཁོངས་གཏོགས་ཀྱིས་ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོས་དགུན་དུས་ལས་མཚམས་བཞག་མེད་པའི་རྣམ་གྲངས་ལ་སྐུལ་འདེད་བཏང་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། བོད་དུ་དགུན་དུས་ལས་མཚམས་བཞག་མེད་པའི་གཞུང་ལམ་རྣམ་གྲངས་ཁྱོན་30ཡོད་པ་དེ་དག་ནི་ས་བབ་དམའ་བའི་ས་ཁུལ་གྱི་གཞུང་ལམ་ལས་གྲྭ་དང་ས་བབས་མཐོ་བའི་ཕུག་ལམ་ལས་གྲྭ་ཁག་གཅིག་དང་དེའི་ནང་ཁྲོན་བོད་ལྕགས་ལམ་གྱི་ལེ་ལག་ཚང་བའི་གཞུང་ལམ་དང་། རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ། བདག་སྐྱོང་ལས་གྲྭ་སོགས་འཛུགས་སྐྲུན་རྣམ་གྲངས་ཚུད་ཡོད། གོང་གསལ་རྣམ་གྲངས་ལ་དུས་ཚིགས་དང་པོར་མ་དངུལ་སྒོར་དུང་ཕྱུར་17.89གཏོང་རྒྱུ་ཡིན་པ་དེས་2022ལོའི་དུས་ཚིགས་དང་པོའི་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གཏན་འཇགས་རྒྱུ་ནོར་མ་འཇོག་གི་8.28%བཟུང་ཡོད་པ་རེད།