དབུ་ཤོག>ཞིང་འབྲོག་གསར་པ།
  • སྣ་མང་ཅན་གྱི་འཕེལ་རྒྱས་ལམ་དུ་བསྐྱོད་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-09

    ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་སོག་རྫོང་ཁྲི་རྡོ་ཤང་གིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་ལྟོས་ཉིན་བཞིན་ཆེ་རུ་འགྲོ་བའི་གནད་དོན་དངོས་དང་ཟུང་འབྲེལ་གྱིས། ཁྲོམ་རའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་སྤྱད་དེ། སྔོ་ལྗང་རྩི་ཤིང་འདེབས་པའི་རྨང་གཞིའི་ཐོག་བཟའ་བཏུང་རོལ་རྩེད་གསོ་རླུང་ཁང་གི་རྣམ་གྲངས་འཛུཌ་སྐྲུན་དང་། ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ལ་སྐུལ་འདེད། འབབ་འཕར་ཐབས་ལམ་ཡངས་སུ་བཏང་ནས་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་སྣེ་ཁྲིད་བཅས་བྱས་པ་རེད།

    གསར་འགོད་པས་རྒྱལ་ལམ་317འགྲམ་གྱི་གསར་དུ་བཙུགས་པའི་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་སོག་ཧོ་ཡོན་སྐྱེ་ཁམས་རྡོ་ཁོག་བཟའ་བཏུང་གསོ་རླུང་ཁང་དུ་སྐྱོད་སྐབས། འདི་གར་མེ་ཏོག་དང་རྩི་ཤིང་སྣ་ཚོགས་ཡོད་པ་མ་ཟད། ད་དུང་ཆེད་མངགས་བྱིས་པའི་རོལ་རྩེད་ཁང་ཡང་བཟོས་འདུག བཅད་ཁང་རེ་རེའི་ནང་དུའང་གཤེར་ཤེལ་བན་ཡོལ་སྒྲིག་སྦྱོར་བྱས་ཏེ། ས་བབ་མཐོ་སའི་ལས་བྱེད་མང་ཚོགས་ལ་བག་ཕེབས་ཀྱི་འཚོ་བ་མྱོང་རོལ་བྱེད་ས་ཞིག་བསྐྲུན་ཡོད། དེ་གར་བཟའ་བཏུང་བྱེད་པར་ཡོང་མཁན་མགྲོན་པོ་རྒྱུན་ཆད་མེད་ཅིང་། ཡུལ་སྐོར་བ་འདུག་ལ་ས་གནས་དེ་གའི་མང་ཚོགས་ཀྱང་འདུག ཚང་མས་དེ་གར་ཁྱད་ལྡན་རྡོ་ཁོག་ཏུ་བཙོས་པའི་བྱ་ཤའི་བྲོ་བ་མྱོང་གིན་སྐྱིད་སྣང་དོད་པའི་ཁོར་ཡུག་ལོངས་སུ་སྤྱོད་བཞིན་མཆིས།

    ལས་གཉེར་བྱས་ནས་ཟླ་བ་གཉིས་ལྷག་ཙམ་ལས་མ་སོང་ཡང་སོག་ཧོ་ཡོན་སྐྱེ་ཁམས་རྡོ་ཁོག་བཟའ་བཏུང་གསོ་རླུང་ཁང་ལ་ཡོང་འབབ་སྒོར་ཁྲི་30བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ཁྲི་རྡོ་ཤང་གིས“ཀུང་སི+ཐོན་ལས་རྣམ་གྲངས+དུད་ཚང་དབུལ་པོ”བཅས་ཀྱི་གཉེར་སྐྱོང་བྱེད་ཐབས་ལ་བརྟེན་ནས་དབུལ་སྐྱོར་རྣམ་གྲངས་ཀྱི་མ་དངུལ་སྒོར་ཁྲི་300བཏང་སྟེ་སོག་རྫོང་གི་དམངས་ཕན་ཉོ་ཚོང་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཤིང་། དེའི་གཉེར་སྐྱོང་ཁྱབ་ཁོངས་སུ་གསོལ་མགྲོན་ཁང་གི་བཟའ་བཏུང་ཞབས་འདེགས་དང་། སྔོ་འགྱུར། མེ་ཏོག་དང་རྩི་ཤིང་བཏབ་ཡོད་པས། སོག་རྫོང་གི་ཞབས་ཞུའི་ལས་རིགས་ཀྱི་སྟོང་ཆ་དེ་བས་ལེགས་པའི་ངང་བསྐངས་ནས་ཁྲི་རྡོ་ཤང་ཡོངས་ཀྱི་དུད་ཚང་70ཡི་མི་100ལ་ཁྱབ་འགྱེད་སྣེ་ཁྲིད་ཐུབ་ཡོད་པ་རེད།

    “ངའི་ཁྱིམ་ལ་ནང་མི་8ཡོད་ཀྱང་ངལ་རྩོལ་ནུས་ཤུགས་2ལས་མེད་སྟབས་ཁྱིམ་ཚང་གི་འཚོ་བ་དཀའ་ངལ་ཤིན་ཏུ་ཆེ། མི་རིང་བའི་གོང་། ཡུལ་གཞན་དུ་དབུལ་སྐྱོར་ཐོན་ལས་རྣམ་གྲངས་ལ་ཞུགས་ནས་ཞབས་ཞུ་བ་ཞིག་བྱས་པ་ཡིན། ད་ཆ་ང་ལ་ཟླ་རེར་གཏན་འཇགས་གླ་ཆ་སྒོར་3500ཡོད། མ་ཟད་དེ་ནས་ངས་ད་དུང་མེ་ཏོག་འདེབས་རྩལ་ཡང་སྦྱངས་པ་ཡིན”ཞེས་ཁྲི་རྡོ་ཤང་གྲོང་ཚོ་བརྒྱད་པའི་ཞིང་འབྲོག་པ་སྲི་ཐར་གྱིས་དགའ་སྤྲོའི་ངང་བཤད།

    གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཁྲི་རྡོ་ཤང་གིས་མང་ཚོགས་ལ་ཐོན་སྐྱེད་ཀྱི་འདུ་ཤེས་སྒྱུར་བར་སྔར་བས་ཁྲིད་སྟོན་བྱས་པ་དང་ཁྲོམ་རའི་འཕེལ་ཕྱོགས་དང་མཐུན་པར་བྱས་ཏེ། ཐོན་ལས་དང་པོ་ཐོན་ལས་གཉིས་པ་དང་གསུམ་པའི་ཕྱོགས་སུ་རིམ་བཞིན་སྣེ་ཁྲིད་ཀྱིས་ཐོན་ལས་ཀྱི་ཁྱབ་ཁོངས་སྔར་བས་ཆེ་རུ་བཏང་བ་དང་ཐོན་ལས་ཀྱི་གྲུབ་ཆ་ལེགས་སུ་བཏང་ཐོག མང་ཚོགས་དེ་བས་མང་བར་ལག་གཉིས་ལ་བརྟེན་ཏེ་ལས་ཀ་ཧུར་ཐག་བྱེད་པར་ལྕག་སྐུལ་བྱས་པས་ཡོང་འབབ་མང་དུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།