ཉེ་ཆར། གསར་འགོད་པས་གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ནས་ཤེས་རྟོགས་བྱས་པར། 2021ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱིས་ནས་དང་། ཇོ་མོ་གླང་མའི་ལུག ཇོ་མོ་གླང་མའི་འབྲི་གཡག སྔོ་ཚལ་དང་ཤིང་འབྲས། དཀར་ཆུའི་ལས་རིགས། བོད་བྱ་བཅས་གཙོ་གནད་དུ་བྱས་པའི“6+N”ཞིང་འབྲོག་ལས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་ཁྱད་ལྡན་ཞིང་འབྲོག་ཐོན་ལས་ཀྱི་ཁྱབ་ཚུལ་རགས་ཙམ་ཆགས་པར་བྱས་ཡོད།
བསྡོམས་རྩིས་རགས་ཙམ་བརྒྱབ་པར་གཞིགས་ན། གྲོང་ཁྱེར་དེ་ཡོངས་ཀྱི་2021ལོའི་ཞིང་ལས་སྐྱེ་དངོས་འདེབས་ཁྱོན་མུའུ་ཁྲི་139.67ཟིན་པ་དེས་ལྗོངས་ཡོངས་ཀྱི་སྤྱིའི་འདེབས་ཁྱོན་གྱི་གསུམ་ཆ་གཅིག་ཟིན་པའི་ནང་ནས་འདེབས་ཁྱོན་མུའུ་ཁྲི་90ཙམ་དང་སྔོ་ཚལ་འདེབས་ཁྱོན་མུའུ་ཁྲི་18ཙམ་ཟིན་ནས་སྔོན་དཔག་བྱས་པར་གཞིགས་ན་ནས་ཐོན་ཚད་ཏུན་ཁྲི་40.49དང་སྔོ་ཚལ་ཐོན་ཚད་ཏུན་ཁྲི་42.5ཟིན་རྒྱུ་རེད། སྔོན་དཔག་བྱས་པར་གཞིགས་ན། 2021ལོའི་ལོ་མཇུག་ཏུ་ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་440ལྷག་ཙམ་ཟིན་པ་དང་། ཕྱུགས་རིགས་བཤས་གཏོང་ཚད་མགོ་གྲངས་ཁྲི་200ལྷག་ཙམ་ཟིན་པ། ཤ་དང་འོ་མའི་ཐོན་ཚད་ཏུན་ཁྲི་6.24དང་ཏུན་ཁྲི་16.06སོ་སོར་ཟིན་པ། བོད་བྱ་ཁྲི་200ཟིན་པ་དང་སྒོ་ང་ཐོན་ཚད་ཏུན་750ལྷག་ཙམ་ཟིན་པ་དེ་དུས་མཚུངས་ལས་115.16%དང་107.68%སོ་སོར་འཕར་ཡོད། གཞིས་རྩེ་གྲོང་ཁྱེར་དུ་ད་ཆ་ཞིང་འབྲོག་པའི་མཉམ་ལས་ཁང་5363ཡོད་པའི་ནང་རྒྱལ་ཁབ་རིམ་པའི་དཔེ་སྟོན་མཉམ་ལས་ཁང་21དང་། གྲོང་ཁྱེར་རིམ་པའི་ས་མཐོའི་སྐྱེ་དངོས་ཐོན་ལས་རྟེན་གཞི་383 གྲོང་ཁྱེར་རིམ་པ་ཡན་གྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་གཉེར་སྐྱོང་སྣེ་འདྲེན་ཁེ་ལས་སྔོན་དཔག་བྱས་ན་35ཡན་ཟིན་རྒྱུ་དང་འབྲེལ་མི་4000ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཐུབ་རྒྱུ་རེད། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.5བཏང་བའི་བོད་ནས་ཀྱི་ཁྱད་འཕགས་དགེ་མཚན་ལྡན་པའི་ཐོན་ལས་ཚོགས་པར་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ་ཡིན་པ་རེད།
2021ལོར་གཞིས་རྩེ་གྲོང་ཁྱེར་གྱིས་སྤྱི་གནོད་མེད་པའི་ཞིང་ལས་ཐོན་རྫས་དང་། ལྗང་མདོག་བཟའ་བཅའ། སྐྱེ་ལྡན་ཞིང་ལས་ཐོན་རྫས་བཅས་ལ་ཁས་ལེན་དཔང་འདོན་བྱེད་ཚད་143དང་ས་ཁམས་མཚོན་རྟགས་ཀྱི་ཐོན་རྫས་ལ་ཁས་ལེན་དཔང་འདོན་བྱེད་ཚད་24(དེའི་ནང་ཞིང་ལས་ཐོན་རྫས་ཀྱི་ས་ཁམས་མཚོན་རྟགས་8ཚུད་པ)ལེགས་སྒྲུབ་བྱས་པ་རེད།